འཚོལ་བཤེར།   
藏文频道
2017ལོའི་ཟླ་5ཚེས་12ཉིན།
  • མི་དམངས་དྲ་བ།

    ༄༅།།ཀོང་ཞི་དང་ཀོང་ཏུང་གི་ཉེན་རྟོག་ཕྱོགས་ཀྱིས་དུག་རྫས་གྱོད་གཞི་ཧ་ཅང་ཚབས་ཆེ་བ་ཞིག་
    རྩད་ཆོད་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 05ཚེས་12ཉིན། 16:01】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།ཀོང་ཞི་དང་ཀོང་ཏུང་གི་ཉེན་རྟོག་ཕྱོགས་ཀྱིས་དུག་རྫས་གྱོད་གཞི་ཧ་ཅང་ཚབས་ཆེ་བ་ཞིག་
རྩད་ཆོད་པ།
          མི་དམངས་དྲ་བའི་འཕྲིན། ཟླ་5ཚེས་5ཉིན། ཀོང་ཞི་ཀྲོང་རིགས་རང་སྐྱོང་ལྗོངས་ལའེ་པིན་གྲོང་ཁྱེར་སྤྱི་བདེ་ཅུས་ཀྱིས་ཤང་ཀྲོའུ་རྫོང་སྤྱི་བདེ་ཅུས་དང་ལིའུ་ཀྲོའུ་གྲོང་ཁྱེར་སྤྱི་བདེ་ཅུས་ཀྱི་དུག་འགོག་ཡན་ལག་རུ་ཁག་དང་།  ལིའུ་ཅང་ཆུས་སྤྱི་བདེ་ཡན་ལག་ཅུས་ཀྱི་དུག་འགོག་རུ་ཆེན་བཅས་དང་མཉམ་འབྲེལ་བྱས་ཏེ་ལའེ་པིན་གྲོང་ཁྱེར་སྤྱི་བདེ་ཅུས་ཀྱི་འབྲེལ་ཡོད་ཉེན་རྟོག་རིགས་ཀྱིས་གཞོགས་འདེགས་དམ་ཟབ་བྱས་པའི་འོག ཤང་ཀྲོའུ་རྫོང་ཁོངས་སུ་ཡོད་པའི་དུག་རྫས་བཟོ་བའི་ནག་ཚང་ཞིག་གཏོར་ནས་ཁྲིམས་འགལ་དོགས་ཡོད་ཉེས་ཅན་10འཛིན་བཟུང་དང་། དུག་རྫས་ཁེ་ཐ་མི་ནེ་(Ketamine)གྲུབ་རྫས་སྤྱི་རྒྱ་250དང་ཕྱེད་བཟོས་ཐོན་རྫས་སྤྱི་རྒྱ་1078རྩིས་ལེན། གྱོད་འབྲེལ་རླངས་འཁོར་4བཙན་ཉར། དུག་རྫས་མ་རྩ་སྒོར་ཁྲི་140ལྷག་རྩིས་ལེན། དུག་བཟོའི་སྨན་སྦྱོར་དང་ལག་ཆ་ཁག་ཅིག་རྩིས་ལེན་བཅས་བྱས་པ་རེད། དེ་དང་དུས་མཚུངས་སུ། ཀོང་ཏུང་ཞིང་ཆེན་ཧུའེ་ཀྲོའུ་ཉེན་རྟོག་ཕྱོགས་ཀྱིས་དུག་བཟོ་ཚོགས་པ་འདིའི་ཚོགས་མི་6 ལེགས་འགྲུབ་ངང་འཛིན་བཟུང་བྱས་ཤིང་། མིག་སྔར་གྱོད་གཞི་ཞིབ་གཅོད་སྔར་ལས་ལྷག་པར་བྱེད་བཞིན་ཡོད་པ་རེད།
    ༄༅།།ཀོང་ཞི་དང་ཀོང་ཏུང་གི་ཉེན་རྟོག་ཕྱོགས་ཀྱིས་དུག་རྫས་གྱོད་གཞི་ཧ་ཅང་ཚབས་ཆེ་བ་ཞིག་
རྩད་ཆོད་པ།
    ༄༅།།ཀོང་ཞི་དང་ཀོང་ཏུང་གི་ཉེན་རྟོག་ཕྱོགས་ཀྱིས་དུག་རྫས་གྱོད་གཞི་ཧ་ཅང་ཚབས་ཆེ་བ་ཞིག་
རྩད་ཆོད་པ།
    ༄༅།།ཀོང་ཞི་དང་ཀོང་ཏུང་གི་ཉེན་རྟོག་ཕྱོགས་ཀྱིས་དུག་རྫས་གྱོད་གཞི་ཧ་ཅང་ཚབས་ཆེ་བ་ཞིག་
རྩད་ཆོད་པ།
      

    ཕྱོགས་བསྡུས་གསར་འགྱུར།