འཚོལ་བཤེར།   
藏文频道
2017ལོའི་ཟླ་5ཚེས་12ཉིན།
  • མི་དམངས་དྲ་བ།

    ༄༅།།2017ལོའི་མཚོ་སྔོན་གྱི་སྤུས་རྟགས་ཚོང་ཟོག་ཤིས་ཨན་འོས་སྦྱོར་འདུ་ཚོགས་ཀྱི་གསར་འགྱུར་
    ཡོངས་བསྒྲགས་ཚོགས་འདུ་བདེ་བླག་ངང་འཚོགས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 05ཚེས་12ཉིན། 16:00】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། ཟླ་5ཚེས་8ཉིན་གྱི་སྔ་དྲོ། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གིས་ཧྲའན་ཤིས་ཞིང་ཆེན་ཤིས་ཨན་གྲོང་ཁྱེར་དུ“2017ལོའི་མཚོ་སྔོན་གྱི་སྤུས་རྟགས་ཚོང་ཟོག་ཤིས་ཨན་འོས་སྦྱོར་འདུ་ཚོགས་ཀྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ”འཚོགས་ཤིང་། མཚོ་སྔོན་དང་ཧྲའན་ཤིས་ཞིང་ཆེན་དང་དེ་བཞིན་མཚོ་སྔོན་དང་ཧྲའན་ཤིས་སུ་བཅའ་སྡོད་ཀྲུང་དབྱང་གི་གསར་འགྱུར་སྨྱར་སྦྱོར་ཚན་པ་56ཡོངས་བསྒྲགས་ཚོགས་འདུར་ཞུགས་པ་རེད།
          སྐབས་འདིའི་འོས་སྦྱོར་འདུ་འཚོགས་ནི་མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གིས་གཙོ་གཉེར་བྱས་པ་དང་། མཚོ་སྔོན་ཞིང་ཆེན་བཟོ་ཚོང་ཅུས་ཀྱིས་གཉེར་འགན་འཁུར་ནས་ཟླ་5ཚེས་12ནས་ཚེས་14ཉིན་བར་ཤིས་ཨན་གྲོང་ཁྱེར་ཆུས་ཅང་རྒྱལ་སྤྱིའི་ཚོགས་འགྲེམས་ལྟེ་གནས་སུ་གཉེར་རྒྱུ་ཡིན་པ་རེད། འོས་སྦྱོར་འདུ་ཚོགས་ཀྱི་འགྲེམས་ཁང་གི་སྤྱིའི་རྒྱ་ཁྱོན་ལ་སྨི་ངོས་གྲུ་10000ཟིན་པ་དང་། འགྲེམས་ཚོགས་ནང་ཞུགས་མཁན་ཁེ་ལས་265ཟིན་པ། ཁྱོན་བསྡོམས་དམིགས་བསལ་མཛེས་སྤྲོས་ཀྱི་འགྲེམས་ཁུལ་28དང་། ཚད་ལྡན་གྱི་ངོ་མཚར་འགྲེམས་ཁུལ་26 ཚད་ལྡན་གྱི་འགྲེམས་ཁུལ་211བཅས་བསྐྲུན་ཡོད། མཚོ་སྔོན་གྱི་ཁྱད་ལྡན་སྤུས་རྟགས་ཚོང་ཟོག་ཉམས་ལེན་ཕྱིར་ཚོང་ཁུལ་དང་། མི་རིགས་ཀྱི་སྲོལ་རྒྱུན་སྤུས་རྟགས་ཚོང་ཟོག་བཟོ་རྩལ་ངོམས་སྟོན་ཁུལ། མཚོ་སྔོན་གྱི་ཁྱད་ལྡན་སིལ་ཟས་ཉམས་ལེན་ཁུལ་བཅས་འཛུགས་པ་དང་འགྲེམས་སྟོན་དང་། ཉམས་ལེན། ཕྱིར་ཚོང་བཅས་ཀྱི་བྱ་ཐབས་བརྒྱུད་འོས་སྦྱོར་བྱ་རྒྱུ་རེད། འགྲེམས་ཚོགས་ནང་ཚོང་ཟོག་རིགས་26གི་སྣ་ཁ་2800ཚུད་ཡོད་པ་དང་། དེ་དག་ཚང་མ་ལྗང་མདོག་དང་། སྐྱེ་ལྡན། སྦགས་བཙོག་མེད་པ་བཅས་ལས་མཚོ་སྔོན་གྱི་ས་མཐོའི་ཁྱད་ཆོས་འབུར་དུ་ཐོན་པ་དང་། དམིགས་བསལ་གྱི་སྤྱི་ཚོགས་རིག་གནས་སྣང་ཚུལ་སྣ་ཚོགས་དང་ས་ཁོངས་དང་མི་རིགས་ཀྱི་ཁྱད་ཆོས་འབུར་དུ་ཐོན་པ། རང་བྱུང་དང་། རྩ་ཆེ། བཅོས་མིན་བཅས་ཀྱི་ཐོན་ཁུངས་ལེགས་ཆ་འབུར་དུ་ཐོན་པ་བཅས་བྱས་ཏེ་མཚོ་སྔོན་གྱི་དམིགས་བསལ་རང་བྱུང་དང་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་ཁྱད་ཆོས་དང་སྤུས་རྟགས་ལ་བརྟེན་ནས་ཞིང་ཆེན་སྟོབས་ཆེར་གཏོང་བའི་འཐབ་ཇུས་ལ་སྐུལ་འདེད་གཏོང་བའི་གྲུབ་འབྲས་དངོས་གང་ལེགས་མངོན་པར་བྱ་རྒྱུ་རེད།
         འོས་སྦྱོར་འདུ་འཚོགས་ཚོགས་རིང་། མཚོ་སྔོན་ཞིང་ཆེན་བཟོ་ཚོང་ཅུས་ཀྱིས་མཚོ་སྔོན་ཞིང་ཆེན་གྱི་མངོན་མིན་རིག་གནས་ཀྱི་གྲགས་ཅན་རྒྱུན་འཛིན་པ་10ལྷག་ཙམ་སྒྲིག་འཛུགས་བྱས་ཏེ་ཐང་ག་བཞེངས་པ་དང་། ས་གདན་ལས་སྣོན། འཚེམ་དྲུབ་སོགས་ངོམས་སྟོན་བྱ་རྒྱུ་དང་། མཚོ་སྔོན་གྱི་འཐེན་ཐུག་དང་། ལུག་ཤ་རྡོག་བཙོས། བསྙལ་ཕི། ཟན་ཆང་། སོག་སོག་སོགས་སྲོལ་རྒྱུན་གྱི་བཟའ་བཅའ་ངོམས་སྟོན་བྱེད་པ། ཚོང་དོན་རྣམ་གྲངས་ཀྱི་གན་འཇོག་མཛད་སྒོ་ཆེ་གྲས་དང་ཚོང་ཁང་ཆེ་གྲས་འབྲེལ་མཐུད་ཀྱི་གྲོས་མོལ་ཚོགས་འདུ་ཡོད་པ་མ་ཟད། མཚོ་སྔོན་གྱི་སྒོ་རྩིས་ཚོང་ཁང་ཆེ་གྲས་ཀྱི་འགན་འཁུར་བ་དང་ཐོན་རྫས་ཚབ་ཚོང་བྱེད་མཁན་གྱིས་མཚོ་སྔོན་གྱི་འགྲེམས་ཚོགས་ནང་ཞུགས་མཁན་ཁེ་ལས་ཀྱི་འཐུས་མི་ཁག་གཅིག་དང་མཚོ་སྔོན་གྱི་ཁྱད་ལྡན་སྤུས་རྟགས་ཚོང་ཟོག་ཤིས་ཨན་ས་ཁུལ་གྱི་སྒོ་རྩིས་ཚོང་ཁང་ནང་འདོན་རྒྱུ་སོགས་ཀྱི་ཐད་ཆེད་མངགས་ངོ་འཕྲད་གྲོས་མོལ་བྱ་རྒྱུ། “དབྱང་ལིང་ཞིང་ལས་ཚན་རྩལ་གྲོང་གི་སློབ་སྦྱོང་ལྟ་སྐོར”བྱེད་སྒོ་ཐེངས་གཅིག་སྒྲིག་འཛུགས་བྱས་ཏེ་མཚོ་སྔོན་གྱི་འགྲེམས་ཚོགས་ནང་ཞུགས་མཁན་ཁེ་ལས་ཀྱི་འཐུས་མིར་སྔོན་ཐོན་གྱི་ཞིང་ལས་གཉེར་སྐྱོང་དང་ཚོང་གཉེར་ཉམས་མྱོང་སློབ་སྦྱོང་དང་དཔྱད་གཞིར་འཛིན་རྒྱུར་མཛུབ་ཁྲིད་བྱ་རྒྱུ་མ་ཟད་ད་དུང“མཛེས་སྡུག་ལྡན་པའི་མཚོ་སྔོན་གྱི་ཡུལ་སྐོར་སྤུས་རྟགས”འོས་སྦྱོར་བྱས་ནས་མཚོ་སྔོན་གྱི་ཡུལ་སྐོར་སྤུས་རྟགས་ཀྱི་སྐད་གྲགས་ཆོད་ཚད་སྔར་བས་མཐོ་རུ་གཏོང་རྒྱུ་བཅས་རེད།
      

    ཕྱོགས་བསྡུས་གསར་འགྱུར།