འཚོལ་བཤེར།   
藏文频道
2017ལོའི་ཟླ་5ཚེས་12ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱལ་སྲིད་སྤྱི་ཁྱབ་ཁང་ཐའེ་དབན་ལས་དོན་གཞུང་ལས་ཁང་གིས་སྐམ་ས་ཆེ་མོའི་ཞིང་
    ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་དྲུག་གི་བྱ་གཞག་ཚན་པས་ཐའེ་དབན་
    གྱི་ཡུལ་མིའི་ལས་ཞུགས་ཚོད་ལྟ་བྱ་རྒྱུ་ཡིན་ཞེས་བསྟན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 05ཚེས་12ཉིན། 17:34】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་5ཚེས་10ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་ཐའེ་དབན་ལས་དོན་གཞུང་ལས་ཁང་གི་མགྲིན་ཚབ་པ་ཨན་ཧྥུང་ཧྲན་གྱིས་འཆར་ཅན་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུར་མི་སྤྱི་པུའུ་ཡིས་སྤུན་ཟླ་ཐའེ་དབན་བ་སྐམ་སའི་བྱ་གཞག་ཚན་པར་ལས་ཞུགས་བྱེད་པའི་ཚོད་ལྟའི་ས་ཁོངས་རྒྱ་ཆེ་རུ་བཏང་ནས་སྒོ་མོ་ཕྱེ་བའི་ཕུའུ་ཅན་དང་། ཅང་སུའུ། ཐེན་ཅིན། ཧྲང་ཧའེ། ཀྲེ་ཅང་། ཧུའུ་པེ་བཅས་ཞིང་ཆེན་དང་གྲོང་ཁྱེར་དྲུག་རྨང་གཞིར་བྱས་ནས་པེ་ཅིང་དང་། ཧོ་པེ། ཧྲན་ཏུང་། ཀོང་ཏུང་། ཀོང་ཤིས། ཧའེ་ནན་བཅས་ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་དྲུག་ཐའེ་དབན་གྱི་ཡུལ་མིར་ཕྱོགས་པའི་སྐམ་ས་ཆེ་མོའི་བྱ་གཞག་ཚན་པའི་ལས་ཞུགས་ཚོད་ལྟའི་ས་ཁུལ་གསར་དུ་བསྣན་པ་མ་ཟད། ཐའེ་དབན་གྱི་ཡུལ་མིས་ཚོད་ལྟའི་ས་ཁུལ་གྱི་མཐོ་སློབ་དང་གཞུང་བཙུགས་སྨན་ཁང་སོགས་བྱ་གཞག་ཚན་པར་ལས་ཞུགས་བྱ་ཆོག་ཅེས་བཤད།
         ཁོང་གིས་ངོགས་གཉིས་ཀྱི་འབྲེལ་བར་འགྱུར་ལྡོག་ཇི་ལྟར་བྱུང་རུང་ངོགས་གཉིས་ཀྱི་སྤུན་ཟླར་བདེ་སྐྱིད་དོན་གཉེར་བྱེད་པ་ནི་ཐོག་མཐའ་བར་གསུམ་དུ་ང་ཚོས་ངོགས་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་གཏོང་བའི་དམིགས་ས་དང་དོན་ལ་འབབ་ས་ཡིན། སྐམ་ས་ཆེ་མོའི་འབྲེལ་ཡོད་སྡེ་ཚན་ཁག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་ལག་བསྟར་དོན་འཁྱོལ་ནན་ཏན་བྱེད་པ་དང་། འབྲེལ་ཡོད་སྲིད་ཇུས་བྱེད་ཐབས་ཞིབ་འཇུག་ཧུར་ཐག་བྱས་ནས་བཏོན་ཏེ་སྤུན་ཟླ་ཐའེ་དབན་བ་སྐམ་ས་ཆེ་མོར་སློབ་སྦྱོང་དང་། ལས་ཞུགས། ལས་གཏོད། འཚོ་བ་བཅས་ཀྱི་ཐད་སྟབས་བདེ་མང་པོ་བསྐྲུན་ཡོད་ཅེས་བཤད།
         ཨན་ཧྥུང་ཧྲན་གྱིས་དུས་འགོའི་གྲ་སྒྲིག་ལས་དོན་སྤེལ་བ་བརྒྱུད་སྐམ་ས་ཆེ་མོའི་གནམ་ཐང་ཆེ་གྲས་ཁག་གི་རང་འདེམས་སྤ་སེ་ཉོ་སའི་འཕྲུལ་འཁོར་800ཙམ་གྱིས་སྤུན་ཟླ་ཐའེ་དབན་བའི་ལག་ཁྱེར་བཅུག་ཚེ་གནམ་གྲུའི་སྤ་སེ་འཚོང་གི་ཡོད་པ་དང་། སྤུན་ཟླ་ཐའེ་དབན་བའི་ལག་ཁྱེར་ལ་རང་འགུལ་ངང་རང་བཤེར་བྱེད་པའི་འཕྲུལ་འཁོར་1700ལྷག་ཙམ་གྱི་སྒྱུར་བཀོད་ལས་དོན་ཡང་མགྱོགས་མྱུར་སྤེལ་བཞིན་ཡོད། སྔོན་རྩིས་ལྟར་ན་ལོ་འདིའི་ནང་རང་བཤེར་འཕྲུལ་འཁོར་སྤྱོད་ཐུབ། སློབ་གསོ་པུའུ་སོགས་སྡེ་ཚན་དྲུག་གིས་སྤྱིར་བཏང་མཐོ་སློབ་ཀྱིས་ཤང་ཀང་དང་། ཨའོ་མོན། ཐའེ་དབན་བཅས་ཀྱི་སློབ་མ་བསྡུ་བའི་གཏན་འབེབས་ལ་བཟོ་བཅོས་བརྒྱབ་པ་དང་སློབ་བསྡུ་དང་སློབ་ཁྲིད་སོགས་དོ་དམ་དང་ཞབས་ཞུ་ཚད་ལྡན་དུ་བཏང་ནས་ཐའེ་དབན་སློབ་མའི་ཁྲིམས་མཐུན་ཁེ་དབང་འགན་ལེན་བྱས་ཡོད། སྐམ་ས་ཆེ་མོར་ལས་ཀ་བྱེད་མཁན་ཐའེ་དབན་གྱི་ཞིབ་འཇུག་མི་སྣར་ཚན་རྩལ་པུའུ་དང་རང་བྱུང་ཚན་རིག་ཐེབས་རྩ་སོགས་རྣམ་གྲངས་རེ་ཞུའི་སྒོ་མོ་འབྱེད་པའི་རྨང་གཞིའི་ཐོག་སྐམ་ས་ཆེ་མོའི་མཐོ་སློབ་དང་ཚན་ཞིབ་ཁང་དང་སུའོ་རུ་ལས་ཀ་བྱེད་མཁན་ཐའེ་དབན་གྱི་ཞིབ་འཇུག་མི་སྣར་རྒྱལ་ཁབ་དང་སྤྱི་ཚོགས་ཚན་རིག་ཐེབས་རྩའི་རྣམ་གྲངས་རེ་ཞུ་སྣ་ཚོགས་ཀྱི་སྒོ་མོ་དབྱེ་རྒྱུའི་ནང་རིམ་པ་དང་པོའི་རིག་ཚན་26དང་སློབ་གསོ་རིག་པ་སོགས་ལོགས་སུ་བཀོད་པའི་རིག་ཚན་གསུམ་ཚུད་པའི་རྣམ་གྲངས་སྣ་ཚོགས་མཉམ་དུ་བདག་སྤྲོད་དང་རེ་ཞུ་བྱ་ཆོག བཅའ་ཁྲིམས་ཀྱི་ཞབས་ཞུ་ཐའེ་དབན་ལ་སྒོ་མོ་འབྱེད་རྒྱ་སྔར་བས་ཆེ་རུ་བཏང་ནས་ཐའེ་དབན་ཁྲིམས་རྩོད་པའི་ལས་དོན་ཁང་གིས་སྐམ་ས་ཆེ་མོར་འཐུས་མི་ཁྲུའུ་ཡི་ས་ཁོངས་ཁྱབ་ཁོངས་བཙུགས་ནས་ད་ལྟའི་ཕུའུ་ཅན་ཞིང་ཆེན་ཕུའུ་ཀྲོའུ་གྲོང་ཁྱེར་དང་ཞ་མོན་གྲོང་ཁྱེར་ནས་ཕུའུ་ཅན་གྱི་ཞིང་ཆེན་ཡོངས་དང་། ཧྲང་ཧའེ་གྲོང་ཁྱེར། ཅང་སུའུ་ཞིང་ཆེན། ཀྲེ་ཅང་ཞིང་ཆེན། ཀོང་ཏུང་ཞིང་ཆེན་བཅས་བར་རྒྱ་ཆེར་གཏོང་རྒྱུ་རེད། ཐའེ་དབན་ལས་གཉེར་ཁྲིམས་རྩོད་པས་ཀྱང་གོང་གསལ་གྱི་ཞིང་ཆེན་དང་གྲོང་ཁྱེར་ཁྲིམས་རྩོད་ཁང་དང་སུའོ་རུ་བཅའ་ཁྲིམས་ཀྱི་བློ་འདྲི་བའི་འགན་འཁུར་ཆོག་ཅེས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།