འཚོལ་བཤེར།   
藏文频道
2017ལོའི་ཟླ་5ཚེས་12ཉིན།
  • མི་དམངས་དྲ་བ།

    ༄༅།།སི་ཁྲོན་གྱིས་2020ལོར་སླེབས་སྐབས་ཁྱིམ་ཚང་ཞིང་ར་ཁྲི་5གཙོ་གནད་སྐྱེད་སྲིང་
    བྱ་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 05ཚེས་12ཉིན། 17:37】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་5ཚེས་6ཉིན། ལྔ་ཚན་བཅུ་གསུམ་པའི”རིང་སི་ཁྲོན་གྱིས་ཞིང་ལས་གཉེར་སྐྱོང་བྱེད་པོ་དཔེ་གསར་སྐྱེད་སྲིང་ཧུར་ཐག་བྱས་ནས་2020ལོར་སླེབས་སྐབས་ཁྱིམ་ཚང་ཞིང་ར་ཁྲི་5དང་ཞིང་པའི་མཉམ་ལས་ཁང་ཁྲི་8.5གཙོ་གནད་སྐྱེད་སྲིང་བྱ་རྒྱུ་ཡིན་པ་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། ཉིན་ཤས་གོང་སི་ཁྲོན་གྱིས་《སི་ཁྲོན་ཞིང་ཆེན་གྱི“ལོ་ལྔ་ཚན་བཅུ་གསུམ་པའི”ཞིང་ལས་དང་གྲོང་གསེབ་ཀྱི་དཔལ་འབྱོར་འཕེལ་རྒྱས་འཆར་འགོད་》བཀྲམ་ཞིང་། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་སི་ཁྲོན་གྱིས་གྲོང་གསེབ་ཀྱི་མ་དངུལ་དང་། ཚན་རྩལ། ཤེས་ལྡན་པ། རྣམ་གྲངས་བཅས་ཀྱི་རྒྱུ་རྐྱེན་གཙོ་བོ་གཅིག་སྡུད་བྱས་ཏེ་གཞི་ཁྱོན་འོས་འཚམ་ལྡན་པའི་གཉེར་སྐྱོང་བྱེད་སྟངས་སྣ་ཚོགས་འཕེལ་རྒྱས་ཤུགས་ཆེན་གཏོང་རྒྱུ་དང་། ཞིང་ལས་གཉེར་སྐྱོང་བྱེད་པོ་དཔེ་གསར་སྐྱེད་སྲིང་ཧུར་ཐག་བྱ་རྒྱུ། སྤྱི་ཚོགས་ཅན་གྱི་ཞབས་ཞུའི་མ་ལག་གསར་གཏོད་ལ་སྐུལ་འདེད་མགྱོགས་པོ་གཏོང་རྒྱུ་བཅས་རེད།
         འཆར་འགོད་ལྟར་ན་སི་ཁྲོན་གྱིས་ཁ་གསབ་དང་། དངུལ་རྩ། འགན་བཅོལ། སྒྲིག་བཀོད་འཛུགས་སྐྲུན་ལ་སྤྱོད་པའི་ས་ཆ་སོགས་ཀྱི་སྲིད་ཇུས་འཐུས་སྒོ་ཚང་དུ་གཏོང་བ་དང་ཆབས་ཅིག་ཞིང་པ་ལས་མིར་རང་ཡུལ་དུ་ལས་གཏོད་བྱེད་པར་ལོག་རྒྱུའི་ཁྲིད་སྟོན་ཡང་བྱས་ནས་ཆེད་ལས་དུད་ཚང་ཆེ་གྲས་དང་། ཁྱིམ་ཚང་ཞིང་ར། ཞིང་པའི་མཉམ་ལས་ཁང་། ཞིང་ལས་ཐོན་ལས་ཅན་གྱི་སྣེ་འདྲེན་ཁེ་ལས་བཅས་སྐྱེད་སྲིང་ཧུར་ཐག་བྱ་རྒྱུ་རེད། 2020ལོར་སླེབས་སྐབས་ཆེད་ལས་དུད་ཚང་ཆེ་གྲས་ཁྲི་6.4དང་ཁྱིམ་ཚང་ཞིང་ར་ཁྲི་5གཙོ་གནད་སྐྱེད་སྲིད་བྱ་རྒྱུ་དང་། ཞིང་པའི་མཉམ་ལས་ཁང་ཁྲི་8.5བར་འཕེལ་རྒྱས་གཏོང་རྒྱུ། ཞིང་ཆེན་རིམ་པའི་ཞིང་ལས་ཐོན་ལས་ཅན་གྱི་སྣེ་འདྲེན་ཁེ་ལས་9200བསྐྲུན་རྒྱུ་རེད།
         གཞི་ཁྱོན་འོས་འཚམ་ལྡན་པའི་གཉེར་སྐྱོང་བྱེད་སྟངས་སྣ་ཚོགས་འཕེལ་རྒྱས་ཤུགས་ཆེན་གཏོང་རྒྱུ་ཡིན་ཞིང་། སི་ཁྲོན་གྱིས་ཚད་དང་ལྡན་ལ་གོ་རིམ་ལྡན་པའི་སྒོ་ནས་ས་ཞིང་བརྒྱུད་བཤུག་གཏོང་བ་དང་ཆབས་ཅིག་ས་ཞིང་གཉེར་སྐྱོང་བྱེད་དབང་ལྷུག་གཏོང་གཙོ་བོར་བཟུང་ནས་གྲོང་གསེབ་ཀྱི་ས་ཞིང“དབང་གསུམ་ལོགས་འགོད”བྱ་ཐབས་ཞིབ་ཚགས་སུ་བཏང་སྟེ་དོན་འཁྱོལ་བྱ་རྒྱུ་རེད། ས་ཞིང་བརྒྱུད་བཤུག་ཁྲོམ་རའི་ཞབས་ཞུའི་མ་ལག་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ་དང་། ཉོ་ཚོང་ལས་སྟེགས་ཆ་འཕྲིན་ཅན་དུ་འགྱུར་ཤུགས་ཆེ་རུ་གཏོང་བ། ས་ཞིང་གཉེར་སྐྱོང་བྱེད་དབང་གཏའ་འཇོག་དང་མ་རྩ་མཉམ་འདྲེས་ཞབས་ཞུ་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ནས་ཆ་འཕྲིན་བློ་འདྲི་དང་། རིན་གོང་ཚོད་སྐོར། གན་འཇོག་མཛུབ་ཁྲིད་སོགས་ཀྱི་ཞབས་ཞུའི་ལས་དོན་སྤེལ་རྒྱུ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།