འཚོལ་བཤེར།   
藏文频道
2017ལོའི་ཟླ་5ཚེས་12ཉིན།
  • མི་དམངས་དྲ་བ།

    ༄༅།།2017ལོའི་མཐོ་སློབ་དཀྱུས་མའི་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་ལས་དོན་
    གྱི་བརྙན་འཕྲིན་ཁ་པར་ཚོགས་འདུ་འཚོགས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 05ཚེས་12ཉིན། 17:39】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་5ཚེས་10ཉིན་རྒྱལ་ཡོངས་ཀྱི་ལས་ཞུགས་ལས་གཏོད་ལས་དོན་དང་2017ལོའི་མཐོ་རིམ་སློབ་གྲྭ་དཀྱུས་མའི་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་ལས་དོན་གྱི་བརྙན་འཕྲིན་ཁ་པར་ཚོགས་འདུ་པེ་ཅིང་དུ་འཚོགས་ཤིང་། ཚོགས་འདུར་ལས་ཞུགས་ལས་གཏོད་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གི་མཆན་འགོད་མཛུབ་སྟོན་གལ་ཆེན་བརྒྱུད་བསྒྲགས་བྱས་པ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ལིའུ་ཡན་ཏུང་དང་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་མ་ཁའེ་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།
         ཚོགས་འདུར་ནན་བཤད་བྱས་དོན། མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་ལས་དོན་ཡག་པོ་སྒྲུབ་དགོས་པ་ནི་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་གི་སྤྱི་ཡོངས་དང་འབྲེལ་བ་ཡོད། ས་གནས་ཁག་དང་། འབྲེལ་ཡོད་སྡེ་ཚན་ཁག མཐོ་སློབ་ཁག་བཅས་ཀྱིས་རྒྱལ་ཁབ་ཀྱི་འཐབ་ཇུས་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དགོས་མཁོར་རང་འགུལ་དང་ཞབས་འདེགས་ཞུས་ཏེ་ལས་ཞུགས་མཛུབ་ཁྲིད་དང་ཞབས་ཞུའི་ནུས་པ་དང་རོགས་སྐྱོབ་བྱེད་ཤུགས་ཆེ་རུ་བཏང་ནས་སློབ་ཐོན་སློབ་མ་སྔོན་ཐོན་བཟོ་སྐྲུན་ལས་རིགས་དང་། འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས། དེང་རབས་ཀྱི་ཞབས་ཞུའི་ལས་རིགས། དེང་རབས་ཀྱི་ཞིང་ལས་སོགས་ཁྱབ་ཁོངས་སུ་ལས་ཞུགས་ལས་གཏོད་བྱེད་པར་སྣེ་ཁྲིད་དང་སློབ་ཐོན་སློབ་མ་གཞི་རིམ་དུ་ལས་ཀ་བྱེད་པར་འགྲོ་རྒྱུར་ལྕག་སྐུལ་བྱེད་དགོས། ཕུགས་བསམ་དད་སེམས་ཀྱི་སློབ་གསོར་ཤུགས་སྣོན་རྒྱག་པ་དང་གསར་གཏོད་ལས་གཏོད་ཀྱི་སློབ་གསོ་སྒྱུར་བཅོས་གཏིང་ཟབ་བྱས་ཏེ་ཁྲོམ་རའི་དགོས་མཁོ་སྣེ་ཁྲིད་དུ་བྱས་ནས་ཆེད་ལས་རིག་གཞུང་ཚན་ཁག་གི་བཀོད་པ་འཐུས་སྒོ་ཚང་དུ་གཏོང་བ་དང་སློབ་མ་བསྡུ་བ་དང་། གསོ་སྐྱོང་། ལས་ཞུགས་བཅས་མཉམ་འགུལ་ལ་ཤུགས་སྣོན་བརྒྱབ་སྟེ་སློབ་མའི་ལས་ཞུགས་ཀྱི་འགྲན་རྩོད་ནུས་པ་དང་ལས་གཏོད་ནུས་པ་ཆེ་རུ་ཏན་ཏིག་གཏོང་དགོས།
      

    ཕྱོགས་བསྡུས་གསར་འགྱུར།