འཚོལ་བཤེར།   
藏文频道
2017ལོའི་ཟླ་5ཚེས་4ཉིན།
  • མི་དམངས་དྲ་བ།

    ༄༅།།"བོད་ཀྱི་བསིལ་ཆབ། འཛམ་གླིང་མཉམ་སྤྱོད"ཅེས་པའི་ནུབ་བྱང་ས་ཁུལ་དུ་ཆེད་དོན་
    འོས་སྦྱོར་ངོ་སྤྲོད་བྱེད་སྒོ་ལན་ཀྲོའུ་གྲོང་ཁྱེར་དུ་སྤེལ་བ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 05ཚེས་04ཉིན། 10:43】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།'བོད་ཀྱི་བསིལ་ཆབ། འཛམ་གླིང་མཉམ་སྤྱོད'ཅེས་པའི་ནུབ་བྱང་ས་ཁུལ་དུ་ཆེད་དོན་
འོས་སྦྱོར་ངོ་སྤྲོད་བྱེད་སྒོ་ལན་ཀྲོའུ་གྲོང་ཁྱེར་དུ་སྤེལ་བ།
         མི་དམངས་དྲ་བའི་འཕྲིན། ཟླ་5ཚེས་2ཉིན་གྱི་སྔ་དྲོར། "བོད་ཀྱི་བསིལ་ཆབ། འཛམ་གླིང་མཉམ་སྤྱོད"ཅེས་པའི་ནུབ་བྱང་ས་ཁུལ་(ལན་ཀྲོའུ་)དུ་ཆེད་དོན་འོས་སྦྱོར་ངོ་སྤྲོད་བྱེད་སྒོ་ཉིང་ཝོ་ཀྲོང་མགྲོན་ཁང་དུ་སྤེལ་ཞིང་། བོད་ལྗོངས་དང་ཀན་སུའུ་ཞིང་ལྗོངས་གཉིས་དང་གྲོང་ཁྱེར་གྱི་འབྲེལ་ཡོད་འགོ་ཁྲིད་ཚོ་བྱེད་སྒོར་ཞུགས་པ་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། "བོད་ཀྱི་བསིལ་ཆབ། འཛམ་གླིང་མཉམ་སྤྱོད"ཅེས་པའི་ནུབ་བྱང་ས་ཁུལ་(ལན་ཀྲོའུ་)དུ་ཆེད་དོན་འོས་སྦྱོར་ངོ་སྤྲོད་བྱེད་སྒོ་སྤེལ་བའི་དམིགས་ཡུལ་ནི་ཀན་སུའུ་དང་ནུབ་བྱང་ས་ཁུལ་གྱི་མི་དམངས་ལ་ཆུ་སྤུས་བཟང་དང་། ཕུན་སུམ་ཚོགས་པ། དྭངས་གཙང་དྲི་མེད་བཅས་ཀྱི་བོད་ཀྱི་རང་བྱུང་གི་བཏུང་ཆུ་ལོངས་སྤྱོད་ཐུབ་པར་བྱ་རྒྱུ་ཡིན་ལ། ཀན་སུའུ་དང་བོད་ལྗོངས་ཀྱིས་མཉམ་དུ་ནུབ་རྒྱུད་གསར་སྤེལ་ཆེན་པོའི་འཐབ་ཇུས་རྒྱུན་མཐུད་ངང་ལག་བསྟར་གཏིང་ཟབ་པོ་བྱས་ནས། བོད་ལྗོངས་དང་ཀན་སུའུ་ཞིང་ལྗོངས་གཉིས་ཀྱི་དཔལ་འབྱོར་དང་ཐོན་ལས། རིག་གནས་སོགས་ཀྱི་ཁྱབ་ཁོངས་ཁག་ཏུ་སྤེལ་རེས་དང་མཉམ་ལས་རྒྱ་བསྐྱེད་རྒྱུའི་བྱ་ཐབས་གལ་ཆེན་ཡང་རེད། ཐེངས་འདིའི་བྱེད་སྒོ་སྤེལ་བ་དེས་བོད་ལྗོངས་དང་ཀན་སུའུ་ཞིང་ལྗོངས་གཉིས་བར་གྱི་མཉམ་ལས་ལ་གོ་སྐབས་གསར་པ་སྟེར་ཡོད་པ་དང་། བྱེད་སྒོ་སྤེལ་ཡུལ་དངོས་སུ་མཉམ་ལས་ཀྱི་ཆིངས་རྒྱ་ལྔ་ལ་མིང་རྟགས་བཀོད་ཡོད་པ་རེད།
    ༄༅།།'བོད་ཀྱི་བསིལ་ཆབ། འཛམ་གླིང་མཉམ་སྤྱོད'ཅེས་པའི་ནུབ་བྱང་ས་ཁུལ་དུ་ཆེད་དོན་
འོས་སྦྱོར་ངོ་སྤྲོད་བྱེད་སྒོ་ལན་ཀྲོའུ་གྲོང་ཁྱེར་དུ་སྤེལ་བ།
      

    ཕྱོགས་བསྡུས་གསར་འགྱུར།