འཚོལ་བཤེར།   
藏文频道
2017ལོའི་ཟླ་5ཚེས་12ཉིན།
  • མི་དམངས་དྲ་བ།

    ༄༅།།"རྒྱུད་གཅིག་ལམ་གཅིག"གི་རྒྱལ་སྤྱིའི་མཉམ་ལས་དབུ་འཛིན་གླེང་སྟེགས་ཀྱི་གཞུང་
    ཕྱོགས་དྲ་ཚིགས་ཀྱིས"སྨྱན་སྦྱོར་གསར་པའི་ཐོག་ནས་ཕན་ཚུན་འབྲེལ་མཐུད"ཅེས་
    པའི་ཆེད་བསྒྲིགས་ལེ་ཚན་བཏོན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 05ཚེས་12ཉིན། 17:31】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར། ཕྱི་འབྲེལ་པུའུ་ཡི་སྨྱན་སྦྱོར་གསར་པའི་ཐོ་ཨང"ཕྱི་འབྲེལ་སྤྱོད་བདེ་ཁ་པར"གྱིས་མི་དམངས་དྲ་བ་དང་མཉམ་འབྲེལ་བྱས་ཏེ་བཏོན་པའི"སྨྱན་སྦྱོར་གསར་པའི་ཐོག་ནས་ཕན་ཚུན་འབྲེལ་མཐུད"ཅེས་པའི་ཆེད་བསྒྲིགས་ལེ་ཚན་(http:// www.beltandroadforum.org/GB/31/index.html) དེ་"ཕྱི་འབྲེལ་སྤྱོད་བདེ་ཁ་པར"གྱི་གླེང་སྟེགས་ཆུང་ཆུང་དང"རྒྱུད་གཅིག་ལམ་གཅིག"གི་རྒྱལ་སྤྱིའི་མཉམ་ལས་དབུ་འཛིན་གླེང་སྟེགས་ཀྱི་གཞུང་ཕྱོགས་དྲ་ཚིགས་སུ་མཉམ་དུ་ཤར་གཏོང་བྱས་་པ་རེད།
         ཆེད་བསྒྲིགས་ལེ་ཚན་གྱིས་རྒྱལ་ཁབ་ཁག་གི་སྲིད་གཞུང་དང་། རིག་མཛོད། སྨྱན་སྦྱོར་སོགས་ཀྱི་མི་སྣར་བརྟེན་ནས་རྒྱལ་ཁབ་ཁག་གི་སྨྱན་སྦྱོར་གསར་པའི་ཐོན་རྫས་བསྟན་ཏེ་དྲ་རྒྱའི་ཐོག་ནས"རྒྱུད་གཅིག་ལམག་གཅིག"གི་དམངས་སེམས་ཕན་ཚུན་འབྲེལ་བའི་ཟམ་པ་བསྐྲུན་པ་རེད།
         "སྨྱན་སྦྱོར་གསར་པའི་ཐོག་ནས་ཕན་ཚུན་འབྲེལ་མཐུད"ཅེས་པའི་ལས་གཞིའི་ནང་དོན་དུ་འཛམ་གླིང་ཐོག་གི་རྒྱལ་ཁབ་འདྲ་མིན་དང་། རང་རྒྱལ་གྱི་ས་ཁུལ་འདྲ་མིན་གྱི་སྲིད་གཞུང་དང་། ཚོང་ལས། སློབ་གྲྭ སྨྱན་སྦྱོར་བཅས་3000ལས་བརྒལ་བའི་ལས་རིགས་ཁག་དང་། "རྒྱུད་གཅིག་ལམ་གཅིག"གི་གྲོས་གཞི་དང་དེ་བཞིན་དབུ་འཛིན་གླེང་སྟེགས་དང་འབྲེལ་བའི་ལས་ཁུངས་ཀྱི་དྲ་ཚིགས། གྲགས་ཅན་མི་སྣའི་སྨྱན་སྦྱོར་གསར་པའི་ཐོ་ཨང་། དེ་བཞིན་སྨྱན་སྦྱོར་གསར་པའི་བརྩམས་ཆོས་300ལྷག་བཅས་འདུས་ཡོད་པ་རེད།
         བརྩམས་ཆོས་འདི་དག་གི་རྣམ་པ་ནི་བརྙན་རིས་ཐུང་ངུ་དང་། གླུ་དབྱངས། འགུལ་རིས། ཟུར་ཟའི་རི་མོ། "པར་རིས་བལྟས་པ་ཙམ་གྱིས་ཤེས་པ" "ཆ་འཕྲིན་མཐོང་རུང་ཅན"(H5) མཉམ་འགུལ་རྩེད་འཇོ་ཆུང་ཆུང་། "རྟོག་བཟོས་མངོན་སུམ"(VR)གཞི་གྲངས་ཆེན་པོ་དབྱེ་ཞིབ་སོགས་འདུས་ཡོད་པ་རེད།
           བརྩམས་ཆོས་འདོན་སྤྲོད་བྱེད་མཁན་ཀྲུང་གོའི་ཕྱི་ཕྱོགས་ལ་བཅའ་སྡོད་གཞུང་ཚབ་དོན་གཅོད་ཁང་དང་། ས་གནས་ཀྱི་ཕྱི་ཕྱོགས་ལ་བཅའ་སྡོད་དོན་གཅོད་ཁང་དང་སྨྱན་སྦྱོར་ལས་ཁུངས་བཅས་ཚུད་པ་དང་། ཕྱོགས་སོ་སོ་ཚང་མའི"རྒྱུད་གཅིག་ལམ་གཅིག"གི་གྲོས་གཞི་དང་དབུ་འཛིན་གླེང་སྟེགས་ཀྱི་བསམ་ཚུལ་འདུས་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།