འཚོལ་བཤེར།   
藏文频道
2017ལོའི་ཟླ་5ཚེས་4ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱལ་ཁབ་ཡིག་བསྐུར་ངོ་བཅར་ཅུས་ཀྱིས་ཡིག་སྐུར་ངོ་བཅར་ལས་དོན་གྱི་སྒྲིག་སྲོལ་དག་བཅོས་བྱས།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 05ཚེས་04ཉིན། 15:53】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། ཉེ་སྔོན། རྒྱལ་ཁབ་ཡིག་སྐུར་ངོ་བཅར་ཅུས་ཀྱི་གཞུང་ཕྱོགས་དྲ་སྦྲེལ་དུ་སྤེལ་བའི་《རྒྱལ་ཁབ་ཡིག་བསྐུར་ངོ་བཅར་ཅུས་ཀྱིས་མང་ཚོགས་ཀྱི་ཡིག་བསྐུར་ལས་དོན་གྱི་སྒྲིག་སྲོལ་》(གཤམ་དུ་《སྒྲིག་སྲོལ་》ཞེས་བསྡུས་ཡོད་)ཞེས་པ་དེ་ནི་ད་ལྟའི་ཡིག་སྐུར་ངོ་བཅར་ལས་དོན་ལམ་ལུགས་སྒྱུར་བཅོས་བྱས་པའི་ཁྲོད་ཀྱི་ཡིག་སྐུར་ངོ་བཅར་ལས་དོན་གྱི་ཁྱད་ཆོས་དང་དོན་དངོས་ཟུང་འབྲེལ་བྱས་ཏེ་2005ལོར་གཏན་འབེབས་དོན་འཁྱོལ་བྱས་པའི་《རྒྱལ་ཁབ་ཡིག་བསྐུར་ངོ་བཅར་ཅུས་ཀྱིས་མང་ཚོགས་ཀྱི་ཡིག་བསྐུར་ལས་དོན་གྱི་སྒྲིག་སྲོལ་》(ཚོད་ལྟའི་ལག་ལེན་བསྟར་བ་)དག་བཅོས་བྱས་པ་ཞིག་རེད།
          དག་བཅོས་བྱས་པའི་《སྒྲིག་སྲོལ་》གྱིས་ལས་དོན་ཁྲོད་དུ"ཕྱི་གསལ་ནང་གསལ་ཡོང་བར་བྱེད་པ་དང་། སྟབས་བདེ་ནུས་ཆེར་གཏོང་བ། མང་ཚོགས་ལ་སྟབས་བདེ་ཡོང་བ། ལྟ་སྐུལ་དང་ལེན་བྱེད་པ"དང་། "ཁྲིམས་མཐུན་ལྟར་དང་། དུས་ལྟར། ས་གནས་དེ་གར་གནད་དོན་ཐག་གཅོད་བྱེད་པ་དང་གོ་སྐོན་སློབ་གསོ་གཏོང་རྒྱུ་ཟུང་དུ་སྦྲེལ་བ"དང་། "ཞུ་གཏུག་དང་ངོ་བཅར་གཉིས་སོ་སོར་འབྱེད་པ།" "ཁྲིམས་མཐུན་ལྟར་ཡིག་སྐུར་ངོ་བཅར་གྱི་ཞུ་བ་རིགས་དབྱེ་ཐག་གཅོད་བྱེད་པ"སོགས་ཀྱི་ནང་དོན་ཁ་སྣོན་བྱས་ཡོད་པ་རེད།
         དེ་ཙམ་མ་ཟད། 《སྒྲིག་སྲོལ་》ནང་མང་ཚོགས་ཀྱི་ཡི་གེ་བསྐུར་བར་གསང་རྒྱ་བྱེད་དགོས་པའི་གཏན་འབེབས་བྱས་ཡོད་པ་སྟེ། ཡིག་སྐུར་ངོ་བཅར་གྱི་ལས་བྱེད་མི་སྣས་འབྲེལ་མེད་མི་སྣར་ཡིག་སྐུར་གྱི་ནང་དོན་བཤད་མི་ཆོག་པ་དང་། ཡིག་སྐུར་སོགས་ལས་ཁུངས་ཕྱི་རོལ་དུ་ཁྱེར་མི་ཆོག་པར་བྱས་ཡོད་པ་རེད། དུས་མཚུངས་སུ། 《སྒྲིག་སྲོལ་》དུ་ད་དུང་ཡིག་སྐུར་ངོ་བཅར་གྱི་ལས་བྱེད་མི་སྣས་ལས་ཀའི་སྒྲིག་ལམ་སྲུང་དགོས་ལ། 《ཡིག་སྐུར་ངོ་བཅར་གྱི་སྲོལ་ཡིག་》ཏུ་གཏན་འབེབས་བྱས་པའི་དུས་ཚོད་ནང་ཡི་གེ་འབྱོར་བ་ཐག་གཅོད་བྱེད་དགོས་ཀྱང་། ཡིག་སྐུར་དང་མཉམ་དུ་ཡོད་པའི་རྒྱུ་ནོར་དང་། རིན་ཐང་ལྡན་པའི་འཛིན་ཡིག་སོགས་ཀྱི་དངོས་པོ་རང་དགར་ཐག་གཅོད་བྱས་མི་ཆོག ཡིག་སྐུར་ངོ་བཅར་གྱི་ལས་བྱེད་མི་སྣ་དང་ཡིག་སྐུར་ངོ་བཅར་གི་དོན་དག་དང་འབྲེལ་བ་ཡོད་པའམ་ཐད་ཀར་ཁེ་ཕན་གྱི་འབྲེལ་བ་ཡོད་ན། ཡིག་སྐུར་ངོ་བཅར་གྱི་ལས་བྱེད་མི་སྣ་དེ་ཉིད་གཡོལ་དགོས་པ་རེད།
           མཚམས་སྦྱོར་བྱས་པར་གཞིགས་ན། ཐེངས་འདིའི་དག་བཅོས་དེས་དམིགས་བསལ་ཡིག་སྐུར་(གཙོ་བོ་ནི་དངུལ་སྐུར་འཛིན་ཡིག་དང་། ཤོག་ཐུམ། ཡི་གེ་དང་སྦྲགས་ནས་ཡོད་པའི་དངུལ་དང་དངོས་པོ། བསྐྱར་དུ་བསྐུར་བའི་ཡི་གེ་ཁ་ཤས། ནང་དོན་མི་གསལ་བའི་ཡིག་སྐུར་སོགས་འདུས་ཡོད་པ་)ཐག་གཅོད་སྔར་ལས་ལྷག་པར་བྱེད་ཐབས་གསལ་བཤད་བྱས་ཡོད་པས། ཡིག་སྐུར་ངོ་བཅར་དོན་དག་གི་ནམ་རྒྱུན་ལྟ་སྐུལ་འགན་འཁྲི་ཇེ་ཆེར་བཏང་ཡོད་ལ། གསང་བ་དམ་སྲུང་བྱེད་དགོས་པའི་བླང་བྱ་བསྐྱར་བསྒྲགས་སོགས་བྱས་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།