འཚོལ་བཤེར།   
藏文频道
2017ལོའི་ཟླ་5ཚེས་4ཉིན།
  • མི་དམངས་དྲ་བ།

    ༄༅།།ལྕགས་ལམ་བཟོ་པ་གཞོན་ནུས་ལས་ཡུལ་དུ་གཉེན་འབྲེལ་འཛུགས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 05ཚེས་04ཉིན། 14:36】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།ལྕགས་ལམ་བཟོ་པ་གཞོན་ནུས་ལས་ཡུལ་དུ་གཉེན་འབྲེལ་འཛུགས་པ།
         མི་དམངས་དྲ་བའི་འཕྲིན། ཟླ་5ཚེས་2ཉིན་ཀྲུང་གོ་ལྕགས་ལམ་ཅུས་བདུན་པའི་ཤིས་ཨན་ཀུང་སིས་སྒྲིག་འཛུགས་བྱས་པའི"ང་དང་ལས་ཡུལ་དབར་ལ་དུས་ཆད་ཡོད"ཅེས་པའི་གཉེན་འབྲེལ་འཛུགས་པའི་མཐུན་འབྲེལ་བྱེད་སྒོ་ཤིས་ཨན་ས་ཚུགས་ཉམས་བཟོ་རྒྱ་སྐྱེད་འཛུགས་སྐྲུན་ལས་གྲྭའི་ལས་ཡུལ་ཞིག་ཏུ་དངོས་སུ་སྤེལ་ཞིང་། སྨན་ཁང་དང་། སློབ་གྲྭ། བུ་བཅོལ་ཁང་སོགས་ནས་སླེབས་པའི་གཞོན་ནུ་མས་ལྕགས་ལམ་གྱི་ལས་ཡུལ་དངོས་སུ་བསྐྱོད་དེ་ལྕགས་ལམ་བཟོ་པའི་ལས་ཀའི་ཁོར་ཡུག་ཤེས་རྟོགས་བྱས་པ་དང་། ལྕགས་ལམ་ལས་ཡུལ་གྱི་ཕོ་གཞོན་ཚོ་དང་མཉམ་དུ་རོལ་རྩེད་དང་རིག་རྩལ་འཁྲབ་སྟོན་སོགས་བྱེད་སྒོ་སྤེལ་ནས་ཕན་ཚུན་ངོ་ཤེས་བཏང་བ་མ་ཟད། ད་དུང་ལས་འཕྲོའི་མདུད་པ་ཐེབས་ཐབས་ཀྱང་བྱས་ཤིང་། ཁོ་ཚོས་སྤྲོ་སྣང་ལྡན་པའི་གཉེན་འབྲེལ་འཛུགས་པའི་བྱེད་སྒོར་ཞུགས་ནས་འཆར་ལ་ཉེ་བའི"ལྔ་བཞི"གཞོན་ནུའི་དུས་ཆེན་བསུས་པ་རེད། གོང་གི་པར་རིས་ནི་ཤིས་ཨན་ས་ཚུགས་ཉམས་བཟོ་རྒྱ་སྐྱེད་འཛུགས་སྐྲུན་ལས་གྲྭའི་རྣམ་གྲངས་ཚན་པའི་ཕོ་གཞོན་ཚོས་བང་བསྒྲིགས་ཏེ་བེད་མེད་སྙིགས་རོར་གྱུར་པའི་ལྕགས་ལམ་ཞིག་གི་ཐོག་གཞོན་ནུ་མ་ཚོར་རྒྱ་སེ་མེ་ཏོག་སྤྲོད་པའི་གནས་ཚུལ་ཡིན་པ།
      

    ཕྱོགས་བསྡུས་གསར་འགྱུར།