འཚོལ་བཤེར།   
藏文频道
2017ལོའི་ཟླ་5ཚེས་4ཉིན།
  • མི་དམངས་དྲ་བ།

    ༄༅།།དབྱིན་ཇིའི་དབྱི་ཧུའེ་གྲོས་ཚོགས་གྲོལ་བ་དང་། འགྲན་རྩོད་འདེམས་བསྐོ་བྱ་འགོ་འཛུགས་
    རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 05ཚེས་04ཉིན། 14:41】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་5ཚེས་3ཉིན་གྱི་སྐྱ་རེངས་སུ་དབྱིན་ཇིའི་སྐབས་འདིའི་དབྱི་ཧུའེ་གྲོས་ཚོགས་དངོས་སུ་གྲོལ་བ་རེད། འདི་ལོའི་ཟླ་6པར་དབྱིན་ཇིའི་འདེམས་བསྐོ་ཆེན་པོའི་གོང་གི་འགྲན་རྩོད་འདེམས་བསྐོ་བྱེད་འགོ་ཚུགས་པ་མཚོན་པ་རེད།
         དབྱིན་ཇིའི་འདེམས་བསྐོ་ཆེན་པོ་ནི་ཟླ་6ཚེས་8ཉིན་བྱ་རྒྱུ་ཡིན་ཞིང་། དབྱིན་ཇིའི་ཁྲིམས་ལུགས་ལྟར་ན། དབྱི་ཧུའེ་གྲོས་ཚོགས་ནི་འདེམས་བསྐོ་ཆེན་པོ་བྱེད་འགོ་མ་ཚུགས་གོང་གི་ལས་ཀའི་ཉིན་གྲངས་25ལ་རང་འགུལ་དུ་གྲོལ་རྒྱུ་རེད། ལོ་རྒྱུས་ཀྱི་སྲོལ་རྒྱུན་ལྟར་ན། དབུ་བཞུགས་བློན་ཆེན་ཐེ་ལེ་སཱ•མའེ་(Theresa May)སྔར་བཞིན་ཕོ་བྲང་པ་ཁེ་ངམ་དུ་ཕྱིན་ནས་རྒྱལ་མོ་(HerMajesty Queen Elizabeth II)དབྱི་ལི་སཱ་པའེ་སྐུ་ཕྲེང་གཉིས་པ་ལ་མཇལ་ནས་དབྱི་ཧུའེ་གྲོས་ཚོགས་གྲོལ་བའི་རེ་ཞུ་འབུལ་བ་དང་རྒྱལ་མོའི་མོས་མཐུན་ཐོབ་དགོས་པ་རེད།
         དབྱིན་ཇིའི་དབྱི་ཧུའེ་གྲོས་ཚོགས་ཀྱི་མགྲིན་ཚབ་པས་དབྱིན་ཇིའི་ཁྲིམས་ལུགས་ལྟར་ན། དབྱི་ཧུའེ་གྲོས་ཚོགས་གྲོལ་རྗེས། དབྱི་ཧུའེ་གྲོས་ཚོགས་ཀྱི་གྲོས་ཁང་འོག་མའི་གོ་གནས་ཚང་མ་རང་འགུལ་དུ་སྟོང་པར་གྱུར་མོད། འོན་ཀྱང་དབུ་བཞུགས་བློན་ཆེན་འདུས་པའི་རྒྱལ་སྲིད་ལས་ཁུངས་ཀྱི་བློན་ཆེན་ཚང་མའི་གོ་གནས་རྒྱལ་སྲིད་བློན་ཆེན་གསར་པ་སྒྲིག་འཛུགས་བྱས་པའི་བར་དུ་སྔར་བཞིན་རང་སོར་འཇོག་རྒྱུ་རེད་ཅེས་བསྟན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།