འཚོལ་བཤེར།   
藏文频道
2017ལོའི་ཟླ་5ཚེས་4ཉིན།
  • མི་དམངས་དྲ་བ།

    ༄༅།།ཁྲིམས་འཛིན་པུ"རིགས་གསུམ"གྱི་སྲིད་འཛིན་ཆད་པ་དང་ལས་རིགས་ཉེས་ཆད་བཏང་
    ཚུལ་ཁྱབ་བསྒྲགས་བྱས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 05ཚེས་04ཉིན། 14:31】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་5ཚེས་2ཉིན། ཁྲིམས་རྩོད་པ་དང་། གཞུང་དཔང་། ཁྲིམས་འཛིན་གསལ་འབྱེད་བཅས་ཀྱི་ལས་གཉེར་བྱ་སྤྱོད་སྔར་བས་ཚད་ལྡན་གཏོང་བ་དང་དོ་བདག་དང་མི་དམངས་མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོང་དེ་བས་ཡག་པ་བྱེད་ཆེད། ཁྲིམས་འཛིན་པུས་2017ལོའི་ཟླ་5ཚེས་1ཉིན་ནས་བཟུང་ཁྲིམས་འཛིན་པུའི་སྲིད་གཞུང་དྲ་ཚིགས་ཐོག་2017ལོའི་ཟླ་1ཚེས་1ཉིན་ནས་ཐོན་པའི་རིམ་ཁག་སྲིད་འཛིན་ལས་ཁུངས་དང་། ཁྲིམས་རྩོད་པའི་མཐུན་ཚོགས། གཞུང་དཔང་མཐུན་ཚོགས་བཅས་ཀྱིས་ཁྲིམས་རྩོད་པའི་དོན་གཅོད་ཁང་དང་ཁྲིམས་རྩོད་པ་དང་། གཞུང་དཔང་ཁང་དང་གཞུང་ཕྱོགས་དཔང་པོ། ཁྲིམས་འཛིན་གསལ་འབྱེད་སྒྲིག་གཞི་དང་ཁྲིམས་འཛིན་གསལ་འབྱེད་མཁན་བཅས་ལ་སྲིད་འཛིན་ཆད་པ་དང་ལས་རིགས་ཉེས་ཆད་བཏང་ཚུལ་རིམ་བཞིན་ཁྱབ་བསྒྲགས་བྱ་རྒྱུ་རེད།
         གསར་འགོད་པར་ཁྲིམས་འཛིན་པུའུ་ནས་ཤེས་རྟོགས་བྱུང་གསལ། ཟླ་5ཚེས་1ཉིན་ཁྲིམས་འཛིན་པུས་ཁྲིམས་རྩོད་པའི་རིགས་དང་། གཞུང་དཔང་རིགས། ཁྲིམས་འཛིན་གསལ་འབྱེད་རིགས་བཅས་རིགས་གསུམ་དང་སྲིད་འཛིན་ཆད་པ་དང་ལས་རིགས་ཉེས་ཆད་བཏང་རིགས་ཁག་70ལྷག་བརྡ་ཁྱབ་ཐེངས་དང་པོ་བཏང་ཡོད། དྲ་གྲོགས་ཚོས་ཁྲིམས་འཛིན་པུའི་སྲིད་གཞུང་དྲ་ཚིགས(http://www.moj.gov.cn/)ནང་འཛུལ་ཏེ་དྲ་ཚིགས་གཙོ་ངོས་ཀྱི“སྲིད་འཛིན་ཆད་པ་དང་ལས་རིགས་ཉེས་ཆད་བཏང་བའི་བརྡ་ཁྱབ”དཀར་ཆག་ནས་འབྲེལ་ཡོད་གནས་ཚུལ་འདྲི་རྩད་བྱ་ཆོག རྒྱ་ཆེའི་དྲ་གྲོགས་དང་སྤྱི་ཚོགས་ལས་རིགས་ཁག་གིས་འབྲེལ་ཡོད་ལས་དོན་ལ་ལྟ་སྐུལ་བྱ་རྒྱུར་དགའ་བསུ་ཞུ།
      

    ཕྱོགས་བསྡུས་གསར་འགྱུར།