འཚོལ་བཤེར།   
藏文频道
2017ལོའི་ཟླ་5ཚེས་4ཉིན།
  • མི་དམངས་དྲ་བ།

    ༄༅།།རང་རྒྱལ་གྱི་ཁེ་བེད་བདག་ཐོབ་འདུན་ཞུ་བྱེད་ཚད་དང་ཚོང་རྟགས་འདུན་ཞུ་ཐོ་བཀོད་
    བྱེད་ཚད་ལོ་མང་བསྟུད་མར་གོ་ལ་ཧྲིལ་པོའི་ཨང་དང་པོ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 05ཚེས་04ཉིན། 14:19】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་4ཚེས་26ཉིན། འཛམ་གླིང་གི་ཤེས་བྱའི་བདག་དབང་ཉིན་མོ་བཅུ་བདུན་པ་འཆར་ལ་ཉེ་བའི་མཚམས་འདིར་རྒྱལ་ཁབ་ཤེས་བྱའི་བདག་དབང་ཅུས་ཀྱིས་ལོ་12བསྟུད་མར་སྒོ་འབྱེད་ཉིན་མོའི་བྱེད་སྒོ་སྤེལ་བ་རེད། ཤེས་བྱའི་བདག་དབང་ཞབས་འདེགས་སྒྲིག་གཞི་དང་། གསར་གཏོད་ཁེ་ལས། སློབ་ཆུང་དགེ་སློབ་ཀྱི་འཐུས་མི། སྨྱན་སྦྱོར་གསར་འགོད་པ་སོགས་མི་400ལྷག་ཙམ་བྱེད་སྒོར་གདན་དྲངས་ཡོད། རྒྱལ་ཁབ་ཤེས་བྱའི་བདག་དབང་ཅུས་ཀྱི་ཅུས་ཀྲང་ཧྲེན་ཁྲང་ཡུས་བྱེད་སྒོར་ཞུགས་པ་དང་འབྲེལ། ཤིས་ཚིག་ཀྱང་སྒྲོན་པ་རེད།
         ཧྲེན་ཁྲང་ཡུས་ཀྱི་ཤིས་ཚིག་ནང་ཤེས་བྱའི་བདག་དབང་སྟོབས་ཆེན་རྒྱལ་ཁབ་འཛུགས་སྐྲུན་བྱེད་མགྱོགས་སུ་གཏོང་བ་ནི་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཤེས་བྱའི་བདག་དབང་བྱ་གཞག་ལ་གཏན་འཁེལ་བྱས་པའི་དམིགས་ཚད་གསར་པ་ཞིག་རེད། མིག་སྔར་རང་རྒྱལ་ནི་ཤེས་བྱའི་བདག་དབང་མང་པོ་ལྡན་པའི་རྒྱལ་ཁབ་ཡིན་པ་དང་། ཁེ་བེད་བདག་ཐོབ་འདུན་ཞུ་བྱེད་ཚད་དང་ཚོང་རྟགས་འདུན་ཞུ་ཐོ་བཀོད་བྱེད་ཚད་ལོ་མང་བསྟུད་མར་གོ་ལ་ཧྲིལ་པོའི་ཨང་དང་པོ་ཡིན་པ། པར་དབང་ཐོ་བཀོད་བྱེད་ཚད་ཀྱིས་ལོ་རྒྱུས་ཀྱི་ཟིན་ཐོ་ཡང་ཡང་བཏོད་ཡོད་ཀྱང་སྲོག་ཤིང་གི་ཁེ་བེད་བདག་ཐོབ་དང་། གྲགས་ཅན་གྱི་ཚོང་རྟགས། པར་དབང་སྤུས་དག་བཅས་ཉུང་ཉུང་ཡིན་པས། ད་ལྟ་ཤེས་བྱའི་བདག་དབང་སྟོབས་ཆེན་རྒྱལ་ཁབ་ཡིན་ཞེས་བརྗོད་ན་མི་འགྲིག སླད་ཕྱིན་ཤེས་བྱའི་བདག་དབང་གསར་གཏོད་དང་། བེད་སྤྱོད། སྲུང་སྐྱོབ། དོ་དམ་བཅས་ལ་སྔར་བས་ཤུགས་བརྒྱབ་སྟེ་ཤེས་བྱའི་བདག་དབང་མང་པོ་ལྡན་པའི་རྒྱལ་ཁབ་ནས་ཤེས་བྱའི་བདག་དབང་སྟོབས་ཆེན་རྒྱལ་ཁབ་ཏུ་འགྱུར་བར་སྐུལ་འདེད་མགྱོགས་པོ་གཏོང་དགོས་ཞེས་གསུངས་པ་རེད།
         སྒོ་འབྱེད་ཉིན་མོའི་བྱེད་སྒོར་རྒྱལ་ཁབ་ཤེས་བྱའི་བདག་དབང་ཅུས་ཀྱི་འབྲེལ་ཡོད་སྡེ་ཚན་གྱིས་2016ལོའི་ཁེ་བེད་བདག་ཐོབ་ལ་བསྐྱར་བཤེར་གྱིས་བེད་མེད་དུ་གཏོང་བའི་གྱོད་གཞི་ཆེན་པོ་བཅུ་ཡི་དཔྱད་འདེམས་བྱས་འབྲས་དང་དེ་བཞིན་མཐོ་སློབ་ཀྱི་ཁེ་བེད་བདག་ཐོབ་དོ་དམ་གྱི་སྤྲིན་ཚོགས་རྩིས་རྒྱག་ཞབས་ཞུའི་ལས་སྟེགས་སྔ་རྗེས་སུ་ཁྱབ་བསྒྲགས་བྱས་པ་རེད། བྱེད་སྒོ་སྤེལ་རིང་། སྐུ་མགྲོན་ཚོས་ལས་དོན་མི་སྣའི་མཛུབ་ཁྲིད་འོག“རྒྱལ་ཡོངས་ཤེས་བྱའི་བདག་དབང་དྲིལ་བསྒྲགས་གཟའ་འཁོར་གྱི་པར་རིས་འགྲེམས་སྟོན”དང་དེ་བཞིན་རྒྱལ་ཁབ་ཤེས་བྱའི་བདག་དབང་ཅུས་ཁེ་བེད་བདག་ཐོབ་འགྲེམས་སྟོན་ཚོམས་ཆེན་དང་། ཅུས་དེའི་ལོ་རྒྱུས་ཁང་། ཁེ་བེད་བདག་ཐོབ་བདག་སྤྲོད་ཚོམས་ཆེན། ཁེ་བེད་བདག་ཐོབ་ཞིབ་བཤེར་སྡེ་ཚན་སོགས་ལ་ལྟ་སྐོར་བྱས་པ་དང་འབྲེལ། ལས་དོན་མི་སྣ་དང་སྤེལ་རེས་གཏིང་ཟབ་ཀྱང་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།