འཚོལ་བཤེར།   
藏文频道
2017ལོའི་ཟླ་5ཚེས་4ཉིན།
  • མི་དམངས་དྲ་བ།

    ༄༅།།《ཀྲུང་གོའི་སྲོལ་རྒྱུན་བཟོ་རྩལ་གྱི་གསུང་འབུམ་》བཏོན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 05ཚེས་04ཉིན། 14:16】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཉིན་ཤས་གོང་《ཀྲུང་གོའི་སྲོལ་རྒྱུན་བཟོ་རྩལ་གྱི་གསུང་འབུམ་》པེ་ཅིང་དུ་བཏོན་པ་རེད། གསུང་འབུམ་དེར་ཁྱོན་བརྩམས་དེབ་ཆེན་པོ་20ལྷག་ཙམ་ཡོད་པ་དང་དེའི་ནང་རང་རྒྱལ་གྱི་སྲོལ་རྒྱུན་བཟོ་རྩལ་ཞིབ་ཅིང་གསལ་ལ་གཟབ་ནན་གྱི་ཐོག་ནས་དབྱེ་ཞིབ་བྱས་ཡོད། དེར་ཡིག་འབྲུ་ཁྲི་1200ཙམ་དང་། པར་རིས་ཁྲི་1.4ལྷག་ཙམ་ཡོད་པ། རྩོམ་སྒྲིག་བྱེད་མཁན་340ལྷག་ཙམ་ཡོད་པ། 1996ལོ་ནས་2016ལོ་བར་གྱི་དུས་ཡུན་ལོ་20ཡི་ནང་ལེགས་གྲུབ་བྱུང་བ་ཞིག་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། 《ལག་ཤེས་བཟོ་རྩལ་བདམས་བཀོད་》ཅེས་པའི་གསུང་རྩོམ་ནང་རིགས་དྲུག་གི་བཟོ་རྩལ་སྣ་ཚོགས་30བཀོད་འབྲི་བྱས་ཡོད་པ་དང་《དགོས་འདོད་གཏེར་སྒོ་འབྱེད་པའི་ལྡེ་མིག་》ཅེས་པའི་གསུང་རྩོམ་ནང་གི་རིགས་དྲུག་གི་བཟོ་རྩལ་སྣ་ཚོགས་115བཀོད་འབྲི་བྱས་ཡོད་མོད། 《ཀྲུང་གོའི་སྲོལ་རྒྱུན་བཟོ་རྩལ་གྱི་གསུང་འབུམ་》ནང་སྲོལ་རྒྱུན་བཟོ་རྩལ་གྱི་རིགས་ཆེན་བཅུ་བཞིའི་བཟོ་རྩལ་རིགས་600ཙམ་ཚུད་ཡོད། དེར་དེང་རབས་ཚན་རྩལ་ཐབས་ལམ་ལ་བརྟེན་ནས་དངོས་པོ་དངོས་དང་བཟོ་རྩལ་གྱི་ལས་རིམ་ལ་དབྱེ་ཞིབ་དང་རིགས་པས་ཁུངས་སྐྱེལ་བྱས་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།