འཚོལ་བཤེར།   
藏文频道
2017ལོའི་ཟླ་5ཚེས་4ཉིན།
  • མི་དམངས་དྲ་བ།

    ༄༅།།པེ་ཅིང་གྲོང་ཁྱེར་དུ་བྱེ་རྡུལ་རླུང་འཚུབ་ཀྱི་མཐིང་མདོག་ཉེན་བརྡ་བཏང་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 05ཚེས་04ཉིན། 14:20】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།པེ་ཅིང་གྲོང་ཁྱེར་དུ་བྱེ་རྡུལ་རླུང་འཚུབ་ཀྱི་མཐིང་མདོག་ཉེན་བརྡ་བཏང་བ།
           མི་དམངས་དྲ་བའི་འཕྲིན། ཟླ་5ཚེས་4ཉིན་གྱི་ཆུ་ཚོད་5དང་སྐར་མ་30སྐབས། པེ་ཅིང་གྲོང་ཁྱེར་གནམ་གཤིས་བརྟག་དཔྱད་ཁང་གིས་བྱེ་རླུང་འཚུབ་པའི་མཐིང་མདོག་ཉེན་བརྡ་བཏང་བ་རེད། སྟོད་ཕྱོགས་ཀྱི་བྱེ་རྡུལ་རླུང་འཚུབ་དང་བྱེ་རླུང་གནམ་གཤིས་ཀྱི་ཤུགས་རྐྱེན་ཐེབས་སྟབས། སྔོན་དཔག་ལྟར་ན་ཚེས་4ཉིན་གྱི་ཞོགས་པ་དང་ཉིན་མོར། པེ་ཅིང་གྲོང་ཁྱེར་དུ་བྱེ་རླུང་ངམ་ཐལ་རྡུལ་འཚུབ་པའི་གནམ་གཤིས་བསྟན་རྒྱུ་ཡིན་ལ། མིག་གིས་ཟིན་ཚད་མངོན་གསལ་ཞན་དུ་འགྲོ་བས། ཉེན་ཁ་འབྱུང་གཞིར་དོགས་ཟོན་བྱེད་དགོས་པ་འདུག
             ཀྲུང་དབྱང་གནམ་གཤིས་བརྟག་དཔྱད་ཁང་གིས་དུས་གཅིག་ཏུ། རླུང་འགོག་བྱེ་འགོག་གི་གྲ་སྒྲིག་བྱས་ནས་དུས་ཐོག་ཏུ་སྒེའུ་ཁུང་རྒྱག་པ་དང་། ཁ་རས་དཀྲི་བ་སོགས་ཀྱི་བྱེ་རྡུལ་འགོག་ཐབས་དང་། ཞིབ་ཚགས་དཔྱད་ཆས་ལ་ཐལ་རྡུལ་འགོག་ཐབས། རླུང་བུས་འཁྱེར་སླ་བའི་དངོས་རིགས་བརྟན་དུ་གཏོང་བ་བཅས་བྱེད་དགོས། མིག་གིས་ཟིན་ཚད་ཞན་པས་རླངས་འཁོར་གཏོང་དུས་མགྱོགས་ཚད་དལ་དུ་གཏོང་བ་དང་། གནམ་གྲུ་འབབ་ཐང་དང་། མྱུར་བགྲོད་གཞུང་ལམ། གྲུ་ཁ་སོགས་སུའང་བྱེད་ཐབས་སྤྱད་དེ་འགྲིམ་འགྲུལ་གྱི་བདེ་འཇགས་འགན་སྲུང་བྱེད་དགོས་ཞེས་དྲན་སྐུལ་བྱས་ཡོད་པ་རེད།
    ༄༅།།པེ་ཅིང་གྲོང་ཁྱེར་དུ་བྱེ་རྡུལ་རླུང་འཚུབ་ཀྱི་མཐིང་མདོག་ཉེན་བརྡ་བཏང་བ།
    ༄༅།།པེ་ཅིང་གྲོང་ཁྱེར་དུ་བྱེ་རྡུལ་རླུང་འཚུབ་ཀྱི་མཐིང་མདོག་ཉེན་བརྡ་བཏང་བ།
    ༄༅།།པེ་ཅིང་གྲོང་ཁྱེར་དུ་བྱེ་རྡུལ་རླུང་འཚུབ་ཀྱི་མཐིང་མདོག་ཉེན་བརྡ་བཏང་བ།
    ༄༅།།པེ་ཅིང་གྲོང་ཁྱེར་དུ་བྱེ་རྡུལ་རླུང་འཚུབ་ཀྱི་མཐིང་མདོག་ཉེན་བརྡ་བཏང་བ།
      

    ཕྱོགས་བསྡུས་གསར་འགྱུར།