འཚོལ་བཤེར།   
藏文频道
2017ལོའི་ཟླ་5ཚེས་4ཉིན།
  • མི་དམངས་དྲ་བ།

    ༄༅།།ཁག་དང་པོའི་ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཀྱི་དག་ཐེར་ཇུས་གཞི་ཚང་མ་ཡོངས་
    བསྒྲགས་བྱས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 05ཚེས་04ཉིན། 14:24】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
          མི་དམངས་དྲ་བའི་འཕྲིན། ཟླ་5ཚེས་2ཉིན་གློག་འཕྲིན་འབྱོར་གསལ། གསར་འགོད་པར་ཁོར་ཡུག་སྲུང་སྐྱོང་པུའུ་ནས་ཤེས་རྟོགས་བྱུང་བར། ནང་སོག་དང་། ཧེ་ལུང་ཅང་། ཅང་སུའུ་སོགས་ཞིང་ཆེན་(རང་སྐྱོང་ལྗོངས་)8ཚང་མས་བླང་བྱ་གཞིར་བཟུང་ལྟ་ཞིབ་དག་ཐེར་ཇུས་གཞི་ཡོངས་བསྒྲགས་བྱས་པ་རེད།
         ཁག་དང་པོའི་ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ལས་དོན་2016ལོའི་ཟླ་བ་བདུན་པ་དང་ཟླ་བ་བརྒྱད་པར་སྤེལ་ཅིང་། ནང་སོག་དང་། ཧེ་ལུང་ཅང་། ཅང་སུའུ་སོགས་ཞིང་ཆེན་(རང་སྐྱོང་ལྗོངས་)8དུ་ལྟ་ཞིབ་ལས་དོན་སྤེལ་བ་དང་འབྲེལ་2016ལོའི་ཟླ་བ་བཅུ་གཅིག་པར་ལྟ་ཞིབ་ལན་སྤྲོད་ལས་དོན་ཚང་མ་ལེགས་པར་བསྒྲུབས་ཡོད། ཞིང་ཆེན་(རང་སྐྱོང་ལྗོངས་)8ཀྱི་ཏང་ཨུད་དང་སྲིད་གཞུང་གིས་ཚད་མཐོའི་མཐོང་ཆེན་བྱས་ནས་བླང་བྱ་གཞིར་བཟུང་ལྟ་ཞིབ་དག་ཐེར་ཇུས་གཞི་སྒྲིག་འཛུགས་བྱས་ནས་བཟོས་པ་རེད།
         རྒྱལ་ཁབ་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་གཞུང་ལས་ཁང་གིས་ཞིང་ཆེན་(རང་སྐྱོང་ལྗོངས་)8ལ་ཆེད་མངགས་འཕྲིན་ཡིག་སྤྲིངས་ཏེ“ལས་ཁུངས་གཅིག་དང་། ཚགས་པར་གཅིག དྲ་ཚིགས་གཅིག”(ལས་ཁུངས་གཅིག་སྟེ་ཞིང་ཆེན་རིམ་པའི་བརྙན་འཕྲིན་ལས་ཁུངས་དང་། ཚགས་པར་གཅིག་སྟེ་ཞིང་ཆེན་རིམ་པའི་ཚགས་པར། དྲ་ཚིགས་གཅིག་སྟེ་ཞིང་ཆེན་རིམ་པའི་མི་དམངས་སྲིད་གཞུང་གི་དྲ་ཚིགས་)བཅས་གཞི་རྟེན་དུ་བྱས་ནས་2017ལོའི་ཟླ་4ཚེས་30ཉིན་གྱི་གོང་དུ་དག་ཐེར་ཇུས་གཞི་ཡོངས་བསྒྲགས་ཀྱི་ལས་དོན་ལེགས་པར་སྒྲུབ་དགོས་པའི་བླང་བྱ་བཏོན་ཡོད། དེའི་ནང་ཞིང་ཆེན་རིམ་པའི་བརྙན་འཕྲིན་ལས་ཁུངས་ཀྱིས་དག་ཐེར་ཇུས་གཞི་ཡོངས་བསྒྲགས་ཀྱི་གཅིག་གྱུར་རྩོམ་ཡིག་སྟོན་དགོས་པའི་གྲས་སུ་ལྟ་ཞིབ་དག་ཐེར་ལས་དོན་གྱི་བསམ་ཕྱོགས་དང་། དམིགས་ཚད། ལས་འགན་གཙོ་བོ། ཞིབ་ཕྲའི་བྱེད་ཐབས། དེ་བཞིན་བཀོད་སྒྲིག་དུས་ཚོད་དང་འགན་འཁུར་ཚན་པ་སོགས་ཀྱི་ནང་དོན་ཚུད་ཡོད། ཞིང་ཆེན་རིམ་པའི་ཏང་གི་ཚགས་པར་ཐོག་ཡོངས་བསྒྲགས་ཀྱི་གཅིག་གྱུར་རྩོམ་ཡིག་ཆ་ཚང་འགོད་དགོས་པ། ཞིང་ཆེན་རིམ་པའི་མི་དམངས་སྲིད་གཞུང་གི་དྲ་ཚིགས་ཐོག་ལྟ་ཞིབ་དག་ཐེར་ཇུས་གཞིའི་རྩོམ་ཡིག་ཆ་ཚང་ཡོངས་བསྒྲགས་བྱེད་དགོས་པ་དང་འབྲེལ་ཞིང་ཆེན་རིམ་པའི་ཁོར་ཡུག་སྲུང་སྐྱོང་སྡེ་ཚན་གྱི་དྲ་ཚིགས་ཐོག་དུས་གཅིག་ཏུ་ཡོངས་བསྒྲགས་བྱེད་དགོས་པ། རྒྱལ་ཁབ་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་གཞུང་ལས་ཁང་གིས་འབྲེལ་ཡོད་ཀྲུང་དབྱང་སྨྱན་སྦྱོར་དང་མཐུན་སྦྱོར་བྱས་ནས་དུས་གཅིག་ཏུ་ཡོངས་བསྒྲགས་བྱེད་དགོས་པ་བཅས་རེད།
      

    ཕྱོགས་བསྡུས་གསར་འགྱུར།