འཚོལ་བཤེར།   
藏文频道
2017ལོའི་ཟླ་5ཚེས་4ཉིན།
  • མི་དམངས་དྲ་བ།

    ༄༅།།ཀོང་ཤིས་ཀྱིས"ལོ་ལྔ་ཚན་བཅུ་གསུམ་པའི"རིང་ལྗོངས་ཡོངས་སུ་གྲོང་རྡལ་རིམ་པའི་
    བཙོག་ཆུ་དྭངས་གསིང་སྒྲིག་བཀོད་ཁྱབ་པ་བྱ་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 05ཚེས་04ཉིན། 14:20】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་4ཚེས་25ཉིན་གློག་འཕྲིན་འབྱོར་གསལ། གསར་འགོད་པས་ཉིན་ཤས་གོང་ཀོང་ཤིས་སྡོད་ཁང་འཛུགས་སྐྲུན་ཐིང་གིས་འཚོགས་པའི་གྲོང་རྡལ་རིམ་པའི་བཙོག་ཆུ་དྭངས་གསིང་སྒྲིག་བཀོད་འཛུགས་སྐྲུན་གྱི་སྐུལ་སྤེལ་ཚོགས་འདུ་ནས་ཤེས་རྟོགས་བྱས་པར། ཀོང་ཤིས་ཀྱིས་ལྟ་བཤེར་བྱེད་ཤུགས་ཆེ་རུ་བཏང་སྟེ་ན་ནིང་ལས་འགོ་ཚུགས་པའི་ལྗོངས་ཡོངས་ཀྱི“ལོ་ལྔ་ཚན་བཅུ་གསུམ་པའི”ཁག་དང་པོའི་ཤང་གྲོང་རིམ་པའི་བཙོག་ཆུ་དྭངས་གསིང་སྒྲིག་བཀོད་313འདི་ལོའི་ཟླ་11པའི་ཟླ་མཇུག་གོང་ལས་མཇུག་བསྒྲིལ་ནས་དྭངས་གསིང་བྱེད་འགོ་འཛུགས་རྒྱུ་དང་། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་ནས་2020ལོའི་ལོ་མཇུག་བར་ལྗོངས་ཡོངས་སུ་གྲོང་རྡལ་རིམ་པའི་བཙོག་ཆུ་དྭངས་གསིང་སྒྲིག་བཀོད་450བསྐྲུན་ནས་ལྗོངས་ཡོངས་སུ་གྲོང་རྡལ་རིམ་པའི་བཙོག་ཆུ་དྭངས་གསིང་སྒྲིག་བཀོད་སྤྱིར་ན་ཁྱབ་པ་བྱ་རྒྱུ་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་ཀོང་ཤིས་ཀྱིས“གོམ་སྟབས་གསུམ”གྱི་འཐབ་ཇུས་བཏོན་པ་སྟེ། 2016ལོ་ནས་2017ལོ་བར་ཁག་དང་པོའི་ཤང་གྲོང་རིམ་པའི་བཙོག་ཆུ་དྭངས་གསིང་སྒྲིག་བཀོད་313བསྐྲུན་རྒྱུ་དང་། 2018ལོ་ནས་2019ལོ་བར་ཁག་གཉིས་པའི་སྒྲིག་བཀོད་150བསྐྲུན་རྒྱུ། 2020ལོར“ལོ་ལྔ་ཚན་བཅུ་གསུམ་པའི”རིང་ཤང་གྲོང་རྡལ་དུ་སྒྱུར་བའམ་ཡང་ན་དེ་མིན་གྱི་བཙོག་ཆུ་དྭངས་གསིང་སྒྲིག་བཀོད་གཅིག་སྡུད་བསྐྲུན་རྒྱུར་མཁོ་བའི་ཁྱད་ལྡན་གྲོང་རྡལ་སོགས་ཀྱི་རྣམ་གྲངས་ལེགས་གྲུབ་བྱ་རྒྱུ་དང་འབྲེལ། འཛུགས་སྐྲུན་མ་དངུལ་ཁ་གསབ་དང་། གཉེར་སྐྱོང་ཁ་གསབ། ལས་རྗེས་སྐར་སྣོན། རྫོང་ཡོངས་ཀྱི་PPPསྐུལ་སྤེལ་བྱ་དགའ་སོགས་ཕྱོགས་བསྡུས་བྱ་དགའི་བྱེད་ཐབས་སྤྱད་ནས་ཀོང་ཤིས་ཤང་གྲོང་གི་བཙོག་ཆུ་དྭངས་གསིང་སྒྲིག་བཀོད་འཛུགས་སྐྲུན་ལ་མུ་མཐུད་སྐུལ་འདེད་ཤུགས་ཆེན་བཏང་སྟེ་2020ལོའི་ལོ་མཇུག་ཏུ་ལྗོངས་ཡོངས་སུ་གྲོང་རྡལ་རིམ་པའི་བཙོག་ཆུ་དྭངས་གསིང་སྒྲིག་བཀོད་450བསྐྲུན་ནས་ལྗོངས་ཡོངས་སུ་གྲོང་རྡལ་རིམ་པའི་བཙོག་ཆུ་དྭངས་གསིང་སྒྲིག་བཀོད་ཁྱོན་ཡོངས་ལ་སྤྱིར་ན་ཁྱབ་པ་བྱ་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།