འཚོལ་བཤེར།   
藏文频道
2017ལོའི་ཟླ་5ཚེས་3ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་རང་སྐྱོང་ལྗོངས་ཀྱི"འཚོ་བར་ཟབ་འཇུག་དང་མི་དམངས་ཁྲོད་གཞི་ཚུགས་པའི"རིག་རྩལ་
    རྒྱུ་ཆ་འཚོལ་བསྡུའི་བྱེད་སྒོ་སྤེལ་འགོ་ཚུགས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 05ཚེས་03ཉིན། 15:36】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་4ཚེས་30ཉིན་བོད་རང་སྐྱོང་ལྗོངས་ཀྱི"འཚོ་བར་ཟབ་འཇུག་དང་མི་དམངས་ཁྲོད་གཞི་ཚུགས་པའི"རིག་རྩལ་རྒྱུ་ཆ་འཚོལ་བསྡུའི་བྱེད་སྒོ་སྤེལ་འགོ་ཚུགས་པ་རེད།
         བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ། དྲིལ་བསྒྲགས་པུའི་པུའུ་ཀྲང་སྤེན་པ་བཀྲ་ཤིས་ཀྱིས་རིག་རྩལ་རྒྱུ་ཆ་འཚོལ་བསྡུའི་ཚོགས་ཆུང་ལ་ཕེབས་སྐྱེལ་ཞུས་པ་རེད།
         སྤེན་པ་བཀྲ་ཤིས་ཀྱིས་བླང་བྱ་བཏོན་དོན། གཅིག་ནས་སྤྲོ་སེམས་འཁོལ་པོས་འཚོ་བ་ཉམས་སུ་མྱོང་དགོས་ཏེ། ཐོན་སྐྱེད་དང་འཚོ་བའི་ལག་ལེན་ནི་རིག་རྩལ་གསར་རྩོམ་གྱི་འབྱུང་ཁུངས་རྫོགས་མཐའ་མེད་པ་ཞིག་ཡིན་པས་ཚ་ཚ་འུར་འུར་གྱི་འཚོ་བར་ཉམས་ཞིབ་གང་ལེགས་བྱས་ཚེ་གཞི་ནས་གསར་རྩོམ་གྱི་རིག་པ་རྫོགས་མཐའ་མེད་པ་རྙེད་སྲིད། རྒྱ་ཆེའི་རིག་རྩལ་ལས་དོན་པས་རྒྱུན་དུ་གཞི་རིམ་དང་། མང་ཚོགས། འཐབ་ས་དང་པོ་བཅས་སུ་བསྐྱོད་ནས་རང་ཉིད་ངོ་མས་འཚོ་བར་ཉམས་ལེན་དང་འཚོ་བར་ཉམས་ཞིབ་གང་ལེགས་བྱས་ཏེ། དེའི་ཁྲོད་ནས་སྙིང་བཅུད་བསྡུ་ལེན་དང་རིག་པ་རྙེད་པ་བྱེད་དགོས། གཉིས་ནས་ཤེས་ཚོར་རྣོན་པོས་འགྱུར་ལྡོག་ཚོར་བ་བྱེད་དགོས་ཏེ། མིག་གྲུང་པོ་དང་རྫི་རྣོན་པོས་བོད་རང་སྐྱོང་ལྗོངས་ཀྱི་ཁྱབ་ཁོངས་ཁག་གི་གནམ་ས་བླ་འོག་བསྒྱུར་བ་ལྟ་བུའི་འགྱུར་ལྡོག་དང་། སྐྱེ་བོ་ཀུན་གྱིས་དོ་སྣང་བྱེད་པའི་བྱ་གཞག་ཁག་གི་ཐད་ཐོབ་པའི་གྲུབ་འབྲས་དུས་ཐོག་ཏུ་གསོན་ཉམས་ལྡན་པའི་སྒོ་ནས་མཚོན་པར་བྱས་ཏེ། བོད་ཀྱི་སྤྱི་ཚོགས་ལ་འཕོ་འགྱུར་རླབས་ཆེན་བྱུང་བ་ཇི་མ་ཇི་བཞིན་ཟིན་བྲིས་སུ་འགོད་དགོས། གསུམ་ནས་དུས་རབས་ལ་གོ་བ་གཏིང་ཟབ་ལེན་དགོས་ཏེ། དུས་རབས་མཚོན་པ་ནི་རིག་རྩལ་ལས་དོན་པའི་འགན་འཁྲི་ཡིན་པས་རྒྱ་ཆེའི་རིག་རྩལ་ལས་དོན་པས་སྒྱུ་རྩལ་རྣམ་པ་སྣ་ཚོགས་བརྒྱུད་དུས་རབས་དང་མི་དམངས་ལ་ངོ་གནོང་མི་དགོས་པའི་བརྩམས་ཆོས་གསར་རྩོམ་ཐད་ཧུར་ཐག་བྱེད་དགོས།
         ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་རིག་རྩལ་རྒྱུ་ཆ་འཚོལ་བསྡུའི་ཚོགས་པ་དེ་རྩོམ་པ་པོ་དང་། རི་མོ་བ། པར་རྒྱག་མཁན། གཞས་གདངས་རྩོམ་མཁན། ཡིག་གཟུགས་མཁས་ཅན། འཁྲབ་གཞུང་རྩོམ་པ་པོ། འཁྲབ་ཁྲིད་པ་སོགས་རང་ལྗོངས་ཀྱི་རིག་རྩལ་རྐང་འཛིན་པ་30ལྷག་ལས་གྲུབ་པ་དེ་དག་ཉིང་ཁྲི་དང་ལྷོ་ཁ་གྲོང་ཁྱེར་གཉིས་སུ་བསྐྱོད་ནས་གྲོང་གསེབ་དང་། འབྲོག་ཁུལ། ཁེ་ལས། ལས་ཡུལ་སོགས་འཐབ་ས་དང་པོ་ནས་རིག་རྩལ་རྒྱུ་ཆ་འཚོལ་བསྡུ་བྱེད་རྒྱུ་ཡིན་པའི་དམིགས་ཡུལ་ནི་སྤྲོ་སེམས་འཁོལ་བའི་ངང་ཏང་གི་ཚོགས་ཆེན་བཅུ་དགུ་པར་བསུ་བ་ཞུ་རྒྱུ་བརྗོད་དོན་གཙོ་བོར་བྱས་པའི་རིག་རྩལ་བརྩམས་ཆོས་ཁག་གཅིག་གསར་རྩོམ་བྱེད་ཕྱིར་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།