༄༅༎བྲག་གསུམ་མཚོ་བསྐོར་བའི་རི་ཁུལ་རྐང་འཁོར་འགྲན་བསྡུར་འགོ་ཚུགས་པ།
གསར་འགྱུར་སྤེལ་དུས། 【2017ལོའི་ཟླ་ 05ཚེས་03ཉིན། 16:09】 (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)
མི་དམངས་དྲ་བའི་འཕྲིན། ཉེ་ལམ། སྐབས་ལྔ་པའི་བྲག་གསུམ་མཚོ་བསྐོར་བའི་རྒྱལ་སྤྱིའི་རི་ཁུལ་རྐང་འཁོར་བྱེས་བགྲོད་མྱུར་ཚད་འགྲན་བསྡུར་བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་ཀོང་པོ་རྒྱ་མདའ་རྫོང་བྲག་གསུམ་མཚོ་མཛེས་ལྗོངས་ཁུལ་དུ་འགོ་ཚུགས་པ་དང་། རྒྱལ་ཁབ་ཕྱི་ནང་གི་བདམས་ཐོན་པ་117འགྲན་བསྡུར་ནང་ཞུགས་ཡོད་ཅིང་། འདི་ནི་ཟླ་5ཚེས་1ཉིན་སྐྱེས་པའི་བདམས་ཐོན་པའི་འགྲན་བསྡུར་འགོ་ཚུགས་པའི་གནས་ཚུལ་ཡིན།