འཚོལ་བཤེར།   
藏文频道
2017ལོའི་ཟླ་5ཚེས་3ཉིན།
  • མི་དམངས་དྲ་བ།

    ༄༅༎ཀྲུང་གོ་དང་རྒྱ་གར་གྱི་རྣ་ཐོས་ལའི་མཐའ་མཚམས་ཀྱི་འདི་ལོའི་ཚོང་དོན་འགྲོ་འོང་བྱེད་
    འགོ་ཚུགས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 05ཚེས་03ཉིན། 15:44】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་5་བའི་ཚེས་1ཉིན་བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་གྲོ་མོ་རྫོང་དུ་ཡོད་པའི་ཀྲུང་གོ་དང་རྒྱ་གར་གྱི་རྣ་ཐོས་ལའི་མཐའ་མཚམས་ཚོང་དོན་བགྲོད་ལམ་གྱི་འདི་ལོའི་འགག་སྒོ་ཕྱེ་བ་དང་། རྣ་ཐོས་ལའི་འགག་སྒོ་དེ་ནི་ཟླ་བ་ལྔ་སོང་རྗེས་སླར་ཡང་ཕྱེ་བ་ཞིག་རེད།
         རྣ་ཐོས་ལ་ནི་རང་རྒྱལ་དང་རྒྱ་གར་དབར་གྱི་སྐམ་ལམ་ཚོང་དོན་བགྲོད་ལམ་འབའ་ཞིག་དེ་ཡིན་པ་དང་། དུས་ཚིགས་རང་བཞིན་གྱི་འགག་སྒོའི་ཁོངས་སུ་གཏོགས་ཤིང་། ལོ་ལྟར་ཟླ་5པ་ནས་ཟླ་11པའི་བར་འགག་སྒོ་ཕྱེ་བ་དང་ཟླ་12པ་ནས་ཕྱི་ལོའི་ཟླ་4པའི་བར་འགག་སྒོ་རྒྱག་གིན་ཡོད། འགག་སྒོ་ཕྱེ་བའི་རིང་གྲོ་མོ་རྫོང་དང་རྒྱ་གར་གྱི་འབྲས་ལྗོངས་མངའ་སྡེའི་མཐའ་མཚམས་ས་ཁུལ་གྱི་ཡུལ་མིས། མཐའ་མཚམས་ཡུལ་མིའི་ལག་ཁྱེར་འཁྱེར་ནས་རྒྱུན་ལྡན་གྱི་ཚོང་དོན་འགྲོ་འོང་བྱེད་ཆོག་གི་ཡོད་པ་རེད།
         ས་བབ་མཐོ་ཚད་སྨི་4318ཡོད་པའི་རྣ་ཐོས་ལ་ནི་ཀྲུང་གོ་དང་རྒྱ་གར་འབྲེལ་བའི་སྐམ་ལམ་ཚོང་དོན་བགྲོད་ལམ་ཐུང་ཤོས་ཡིན་ལ། འཛམ་གླིང་ཐོག་ས་བབ་མཐོ་ཤོས་ཀྱི་སྐམ་ལམ་ཚོང་དོན་བགྲོད་ལམ་ཞིག་ཀྱང་ཡིན། ལོ་རྒྱུས་ཀྱིས་རྐྱེན་པས་དེ་སྔ་འགག་སྒོ་ལོ་40ལྷག་ཙམ་ལ་བརྒྱབ་པ་དང་། 2006ལོར་ཚོང་དོན་འགྲོ་འོང་སླར་གསོ་བྱེད་ཐུབ་ཡོད། 2014ལོར་རྣ་ཐོས་ལའི་མཐའ་མཚམས་ཚོང་དོན་བགྲོད་ལམ་གྱི་ཉོ་ཚོང་བྱེད་འབོར་མི་དམངས་ཤོག་སྒོར་དུང་ཕྱུར་1ལས་ཐོག་མར་བརྒལ་ཡོད། 2015ལོའི་ཟླ་6པར་རྣ་ཐོས་ལ་འདི་ཉིད་རྒྱ་གར་གྱི་གནས་མཇལ་བ་བོད་དུ་གནས་མཇལ་དུ་ཡོང་བའི་ལམ་ཐིག་གསར་པ་ཞིག་ཡིན་པའི་ངོས་ནས་དངོས་སུ་ཤར་གཏོང་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།