འཚོལ་བཤེར།   
藏文频道
2017ལོའི་ཟླ་5ཚེས་4ཉིན།
  • མི་དམངས་དྲ་བ།

    ༄༅།།ནང་སོག་རང་སྐྱོང་ལྗོངས་ཀྱི་རི་བོ་ཏཱ་ཞིང་ཨན་ལིང་དུ་མེ་སྐྱོན་ཤོར་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 05ཚེས་04ཉིན། 10:14】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།ནང་སོག་རང་སྐྱོང་ལྗོངས་ཀྱི་རི་བོ་ཏཱ་ཞིང་ཨན་ལིང་དུ་མེ་སྐྱོན་ཤོར་བ།
          མི་དམངས་དྲ་བའི་འཕྲིན། ཟླ་5ཚེས་3ཉིན། རྒྱལ་ཁབ་ནགས་ལས་ཅུས་ནས་ཤེས་རྟོགས་བྱུང་གསལ་དུ། ནང་སོག་རང་སྐྱོང་ལྗོངས་ཀྱི་རི་བོ་ཏཱ་ཞིང་ཨན་ལིང་པི་ལཱ་ཧོ་ནགས་ལས་ཅུས་བྱང་རྒྱུད་ཀྱི་ཏཱ་ཧོ་ལིང་ནགས་རར་མེ་སྐྱོན་བྱུང་བ་རེད། སྐྱེ་དངོས་རིགས་སྐམ་པོ་ཡིན་པ་དང་། རླུང་ཤུགས་ཆེ་བ། དྲོད་ཚད་མཐོ་བ་བཅས་ཀྱི་དབང་གིས། མེ་སྐྱོན་གྱི་ཁྱབ་རྒྱ་འཕྲལ་མར་ཇེ་ཆེར་ཕྱིན་ནས། ས་ངོས་ཀྱི་མེ་སྐྱོན་དེ་འཕྲལ་མར་ཤར་བྱང་རྒྱུད་དུ་ཕྱོགས་པ་རེད། བརྟག་ཞིབ་རགས་ཙམ་བྱས་པ་ལྟར་ན། མེ་སྐྱོན་བྱུང་ཡུལ་གྱི་ཁྱབ་རྒྱ་ནི་སྤྱི་ཆིང་5000ཙམ་ཡོད་ལ། ལྷོ་བྱང་གཉིས་ཀྱི་མེ་སྐྱོན་བྱུང་ཚད་ལ་སྨི་སྟོང་ཕྲག་7ཙམ་ཡོད་པ་དང་། མེ་སྐྱོན་འབྱུང་རྐྱེན་ད་ལྟ་ཞིབ་བཤེར་བྱེད་བཞིན་ཡོད་པ་རེད།
         ཤེས་རྟོགས་བྱུང་གསལ་དུ། ཐེངས་འདིའི་མེ་སྐྱོན་ནི་ཟླ་5ཚེས་2ཉིན་གྱི་ཆུ་ཚོད་12དང་སྐར་མ་15སྐབས་བྱུང་ཤིང་། ཚེས་2ཉིན་གྱི་ཆུ་ཚོད་20:00ཡི་སྐབས། རླུང་གི་ཁ་ཕྱོགས་འགྱུར་བ་དང་། དྲག་རླུང་ཤུགས་ཚད་རིམ་པ་6ཏུ་གྱུར་ལ། མེ་སྐྱོན་གྱི་འབར་ཕྱོགས་ལྷོ་ནུབ་ཕྱོགས་སུ་མཆེད་པ་རེད། ཚེས་3ཉིན་གྱི་ཆུ་ཚོད་3:00གྱི་སྐབས་བར་དུ། ཁྱོན་བསྡོམས་མི་8365(ནགས་ཚལ་ཉེན་རྟོག་པ་མི་2590ཡོད་པ་)ཙམ་སྒྲིག་འཛུགས་བྱས་ནས་མེ་གསོད་ལས་དོན་ནང་ཞུགས་ཡོད་ལ། མེ་སྐྱོན་བྱུང་སའི་མདུན་ཕྱོགས་བཀོད་འདོམས་པུའུ་ཡིས་མི་ཐབས་ཀྱི་ཆར་བ་འབེབ་རོགས་བྱས་ཡོད་ལ། ཧེ་ལུང་ཅང་དང་ཅི་ལིན་ཞིང་ཆེན་གྱི་ནགས་ཚལ་དྲག་ཆས་ཉེན་རྟོག་པ་1000ལྷག་ཙམ་གྱིས་རྗེས་སྣོན་གྲ་སྒྲིག་བྱས་ཡོད་པ་རེད།
         མེ་སྐྱོན་བྱུང་རྗེས། རྒྱལ་ཁབ་ནགས་ཚལ་མེ་གསོད་མེ་འགོག་བཀོད་འདོམས་པུའུ་ཡིས་འཕྲལ་སྡོམ་ནགས་ཚལ་མེ་སྐྱོན་རིམ་པ་Ⅱཡི་འཆར་གཞི་སྤེལ་འགོ་ཚུགས་པ་རེད།
    ༄༅།།ནང་སོག་རང་སྐྱོང་ལྗོངས་ཀྱི་རི་བོ་ཏཱ་ཞིང་ཨན་ལིང་དུ་མེ་སྐྱོན་ཤོར་བ།
    ༄༅།།ནང་སོག་རང་སྐྱོང་ལྗོངས་ཀྱི་རི་བོ་ཏཱ་ཞིང་ཨན་ལིང་དུ་མེ་སྐྱོན་ཤོར་བ།
      

    ཕྱོགས་བསྡུས་གསར་འགྱུར།