འཚོལ་བཤེར།   
藏文频道
2017ལོའི་ཟླ་5ཚེས་3ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཀྱི་བདམས་ཐོན་པ་གཉིས་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་ཀྱི་རྒྱང་རྒྱུག་
    འགྲན་བསྡུར་ལ་ཞུགས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 05ཚེས་03ཉིན། 14:23】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་4ཚེས་29ཉིན།  རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་སྐབས་བཅུ་གསུམ་པའི་རྒྱང་རྒྱུག་འགྲན་བསྡུར་དང་2017ལོའི་ཐེན་ཅིན་(ཝུའུ་ཆིན་)རྒྱལ་སྤྱིའི་རྒྱང་རྒྱུག་འགྲན་བསྡུར་འགོ་ཚུགས་པ་རེད། བོད་རང་སྐྱོང་ལྗོངས་ཀྱི་ལུས་རྩལ་པ་སྟོབས་རྒྱལ་དང་མི་བསྐྱོད་ཉི་མ་གཉིས་སྐྱེས་པའི་ལམ་ཚད་ཧྲིལ་པོའི་ཚོགས་ཆུང་གི་འགྲན་བསྡུར་ལ་ཞུགས་པ་དང་། དེའི་ཁྲོད་དུ་སྟོབས་རྒྱས་ནི་རྐང་པའི་ཉྭ་འགྱུར་ཏེ་འགྲན་བསྡུར་ནས་ཕྱིར་འཐེན་བྱེད་དགོས་འཁེལ་བ་རེད། མི་བསྐྱོད་ཉི་མས་ཆུ་ཚོད་2དང་སྐར་མ་30ལྷག་རིང་དུ་རྒྱང་རྒྱུག་འགྲན་བསྡུར་ཡོངས་ལ་ཞུགས་པ་དང་། ཨང་བརྒྱད་པའི་ནང་དུ་ཚུད་མེད་པ་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། སྟོབས་རྒྱལ་གྱི་སྐྱེས་པའི་ལམ་ཚད་ཧྲིལ་པོའི་རྒྱང་རྒྱུག་འགྲན་བསྡུར་ལ་ཞུགས་པའི་ཐོབ་འབྲས་ལེགས་ཤོས་ནི་ཆུ་ཚོད་2དང་སྐར་མ་13དང་སྐར་ཆ་16ཡིན་ཞིང་། དེ་ནི་2016ལོའི་རྒྱལ་ཡོངས་རྒྱང་རྒྱུག་འགྲན་བསྡུར་ལེགས་སྐྱེས་འགྲན་བསྡུར་རབ་དང་རིམ་པ་དང་ཨོ་རྩལ་འགྲན་ཚོགས་ལ་ཞུགས་པའི་འདེམས་སྒྲུག་འགྲན་བསྡུར་(2006ལོའི་ཁྲུང་ཆིན་རྒྱལ་སྤྱིའི་རྒྱང་རྒྱུགས་འགྲན་བསྡུར་)ལ་ཞུགས་སྐབས་གསར་དུ་བཏོད་པ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།