འཚོལ་བཤེར།   
藏文频道
2017ལོའི་ཟླ་5ཚེས་2ཉིན།
  • མི་དམངས་དྲ་བ།

    ༄༅།།ལི་གཡོད་ཨོ་རྩལ་འགྲན་ཚོགས་ཀྱི་བདམས་ཐོན་པ་སྟོབས་རྒྱལ་རྒྱལ་ཡོངས་ལུས་རྩལ་
    འགྲན་ཚོགས་ཀྱི་རྒྱང་རྒྱུག་འགྲན་བསྡུར་ནས་ཕྱིར་འཐེན་བྱེད་དགོས་འཁེལ་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 05ཚེས་02ཉིན། 13:39】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་4ཚེས་29ཉིན་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་ཀྱི་རྒྱང་རྒྱུག་འགྲན་བསྡུར་ཐེན་ཅིན་ཝུའུ་ཆིང་དུ་འགོ་ཚུགས་ཤིང་། བོད་ཀྱི་ལུས་རྩལ་པ་སྟོབས་རྒྱལ་སྤྱི་ལེ་33མཚམས་སུ་རྐང་པའི་ཉྭ་འགྱུར་ཏེ་འགྲན་བསྡུར་ནས་ཕྱིར་འཐེན་བྱེད་དགོས་འཁེལ་བ་རེད།
        རྒྱལ་ཁབ་རུ་ཁག་གི་རུ་མི་གསུམ་གྱི་གྲས་ཤིག་ཡིན་པའི་སྟོབས་རྒྱལ་ན་ནིང་ཨོ་རྩལ་འགྲན་ཚོགས་ཀྱི་སྐྱེས་པའི་རྒྱང་རྒྱུག་འགྲན་བསྡུར་ནང་ཞུགས་མྱོང་ཡོད། 1994ལོར་སྟོབས་རྒྱལ་བོད་ལྗོངས་སྟག་རྩེ་རྫོང་གི་ཞིང་པ་དཀྱུས་མ་ཞིག་གི་ཁྱིམ་དུ་སྐྱེས་པ་དང་ཆུང་དུས་ནས་ལུས་རྩལ་ལ་དགའ་བའི་ཁོང་2009ལོ་ནས་བཟུང་ལུས་རྩལ་སློབ་གྲྭར་བརྒྱུད་རིམ་ལྡན་པའི་སྒོ་ནས་རྒྱང་རྒྱུག་རིང་འབྲིང་གཉིས་ཀྱི་སྦྱོང་བརྡར་སྤྲས་ཏེ་2012ལོར་ཆེད་ལས་ལུས་རྩལ་རུ་ཁག་ནང་ཚུད། 2014ལོར་ཅང་སུའུ་ཁུན་ཧྲན་དུ་སྤེལ་བའི་རྒྱལ་ཡོངས་མཆོང་རྒྱུག་འཕེན་གསུམ་འགྲན་བསྡུར་ཐོག་སྟོབས་རྒྱལ་ལ་སྨི་5000དང་སྨི་10000གི་ཨང་དང་པོ་ཐོབ།
        ན་ནིང་ནས་བཟུང་སྟོབས་རྒྱལ་གྱིས་གཙོ་བོ་རྒྱང་རྒྱུག་སྦྱོང་བརྡར་སྤྲས་ནས་ལོ་འདི་གར་ཆུ་ཚོད་2དང་སྐར་མ་13དང་སྐར་ཆ་16གི་སྒེར་གྱི་གྲུབ་འབྲས་ཡག་ཤོས་རྒྱུག ལི་གཡོད་ཨོ་རྩལ་འགྲན་ཚོགས་ཀྱི་མིང་ཐོ་ཆེ་མོའི་ནང་བདམས་རྗེས་ཁོང་བོད་རང་སྐྱོང་ལྗོངས་ཀྱི་ལོ་རྒྱུས་ཐོག་གི་ཨོ་རྩལ་འགྲན་ཚོགས་ཀྱི་མཆོང་རྒྱུག་འཕེན་གསུམ་འགྲན་རའི་ནང་གི་མི་དང་པོར་གྱུར།
         ཉེ་བའི་ལོ་ཤས་རིང་། ཀྲུང་གོའི་མཆོང་རྒྱུག་འཕེན་གསུམ་གྱི་བར་ཐག་རིང་བའི་རྣམ་གྲངས་ཁྱབ་ཁོངས་སུ་ཆོས་དབྱིངས་སྐྱིད་དང་སྟོབས་རྒྱལ་ལྟ་བུའི་ཕུལ་བྱུང་གི་ས་མཐོའི་ལུས་རྩལ་པ་ཁག་གཅིག་ཐོན། ད་ཐེངས་ཀྱི་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་ཀྱི་སྐྱེས་པའི་རྒྱང་རྒྱུག་འགྲན་བསྡུར་གྱི་ཨང་དང་པོ་དང་གཉིས་པ་ཕ་ཡུལ་ཡུན་ནན་ནས་ཡིན་པའི་ཏུང་གོ་ཅན་དང་དབྱང་ཏིང་ཧུང་གཉིས་ཀྱི་བླངས་པ་དང་། བུད་མེད་ཀྱི་ཨང་གཉིས་པ་མཚོ་སྔོན་གྱི་འདེམས་ཐོན་པ་ཚའོ་མོའོ་ཅེས་བླངས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།