འཚོལ་བཤེར།   
藏文频道
2017ལོའི་ཟླ་5ཚེས་2ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་སྒྱུར་བཅོས་འཕེལ་རྒྱས་ཞིབ་འཇུག་ཁང་གི་སྒོ་བྱང་གི་ཡོལ་ཁེབས་ཕྱེ་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 05ཚེས་02ཉིན། 11:31】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་4ཚེས་28ཉིན་གྱི་སྔ་དྲོ། ཟི་ལིང་དུ་མཚོ་སྔོན་སྒྱུར་བཅོས་འཕེལ་རྒྱས་ཞིབ་འཇུག་ཁང་དངོས་སུ་བཙུགས་ཏེ་སྒོ་བྱང་གི་ཡོལ་ཁེབས་ཕྱེ་བ་དང་། མཚོ་སྔོན་གྱི་སྒྱུར་བཅོས་དང་འཕེལ་རྒྱས་ཀྱི་ལས་དོན་སྤྱི་ཡོངས་དང་དེ་བཞིན་ཁྱོན་ཡོངས་དང་ཕུགས་དང་འབྲེལ་བ་ཡོད་པའི་གནད་དོན་གལ་ཆེན་ལ་དམ་པོར་དམིགས་ནས། ཚན་ཞིབ་འགག་སྒྲོལ་གཏིང་ཟབ་བྱས་ཏེ། མཚོ་སྔོན་གྱི་ཁྱད་ཆོས་མངོན་གསལ་དོད་པོ་དང་མཚོ་སྔོན་གྱི་ཉམས་འགྱུར་ལྡན་པའི་ཐོག་ནས་རྒྱལ་ཡོངས་ཀྱི་ཐབས་ཇུས་བློ་འདྲིའི་ཁྱབ་ཁོངས་སུ་ཤུགས་རྐྱེན་ཆེ་བའི་རྣམ་པ་གསར་པའི་རྩེར་སོན་གྱི་རིག་མཛོད་ཅིག་གཏོད་རྒྱུ་རེད།
         སྤྱི་པའི་སྲིད་ཇུས་ཞིབ་འཇུག་ལ་ཤུགས་སྣོན་བརྒྱབ་སྟེ་ཐབས་ཇུས་འདོན་མཁན་ལ་དཔལ་འབྱོར་དང་། ཆབ་སྲིད། སྤྱི་ཚོགས་སོགས་ཐད་ཀྱི་རིག་ནུས་ཀྱི་ཞབས་འདེགས་ཞུ་རྒྱུ་ནི་དུས་བབ་གསར་པའི་འོག་རིག་ནུས་ཀྱི་འཛུགས་སྐུན་ལ་ཤུགས་སྣོན་རྒྱག་རྒྱུའི་ལས་འགན་གཙོ་བོ་རེད། མཚོ་སྔོན་སྒྱུར་བཅོས་འཕེལ་རྒྱས་ཞིབ་འཇུག་ཁང་བཙུགས་པ་ནི་དུས་རབས་ཀྱི་བླང་བྱ་དང་བསྟུན་ནས་དུས་བབ་ཀྱི་འགྱུར་བ་དང་འཚམ་གང་ཐུབ་ཀྱིས་མཚོ་སྔོན་གྱི་ཞིབ་འཇུག་ཐོན་ཁུངས་བསྡུ་སྒྲིལ་ནུས་ལྡན་བྱེད་པ་དང་། རིག་ནུས་གསར་གཏོད་ལ་ཞབས་འདེགས་ནུས་ལྡན་ཞུ་བ། མཚོ་སྔོན་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་གོ་རིམ་ལྡན་པའི་ངང་སྐུལ་མ་གཏོང་རྒྱུར་སྐུལ་འདེད་ཀྱི་ནུས་པ་ཐོན་རྒྱུ་རེད། སྒོ་བྱང་གི་ཡོལ་ཁེབས་ཕྱེ་བའི་མཛད་སྒོའི་ཐོག་རིགས་གཅིག་མཁས་ཅན་དང་མཁས་དབང་40ལྷག་ཙམ་མཚོ་སྔོན་སྒྱུར་བཅོས་འཕེལ་རྒྱས་ཞིབ་འཇུག་ཁང་གིས་ཞིབ་འཇུག་པར་ཆེད་མངགས་གདན་དྲངས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།