འཚོལ་བཤེར།   
藏文频道
2017ལོའི་ཟླ་5ཚེས་2ཉིན།
  • མི་དམངས་དྲ་བ།

    ༄༅།།དབྱིན་ཇིར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཁང་གིས་ཕུལ་བྱུང་གི་རང་གྲོན་གཏོང་མཁན་
    ཕྱི་སྦྱོང་སློབ་མར་སྦྱངས་འབྲས་ལེགས་ཐོན་གྱི་བྱ་དགའི་དངུལ་སྤྲད་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 05ཚེས་02ཉིན། 11:24】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་4ཚེས་28ཉིན་དབྱིན་ཇིར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་གི་སློབ་གསོ་ཁྲུའུ་ཡིས་2016ལོ་འཁོར་གྱི"རྒྱལ་ཁབ་ཀྱི་ཕུལ་བྱུང་རང་གྲོན་གཏོང་མཁན་ཕྱི་སྦྱོང་སློབ་མར་སྦྱངས་འབྲས་ལེགས་ཐོན་གྱི་བྱ་དགའི་དངུལ"སྤྲོད་པའི་མཛད་སྒོ་གཉེར་བ་རེད། བྱ་དགའ་ཐོབ་མཁན་དང་། དེའི་སློབ་དཔོན། ཞིབ་དཔྱད་རིགས་གཅིག་མཁས་ཅན་སོགས་མི་60ལྷག་ཙམ་བྱེད་སྒོའི་ནང་ཞུགས་ཡོད་པ་རེད།
         དབྱིན་ཇིར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ལིའུ་ཞའོ་མིང་གིས་བྱ་དགའ་སྤྲོད་པའི་མཛད་སྒོའི་ཐོག་དེང་སྐབས་འཛམ་གླིང་ཐོག་ཕྱོགས་བསྡུས་རྒྱལ་སྟོབས་ཀྱི་འགྲན་རྩོད་ཉིན་རེ་བཞིན་ཤུགས་ཆེར་འགྲོ་གི་ཡོད། མཐར་གཏུགས་ནས་བཤད་ན་ཤེས་ལྡན་མི་སྣའི་འགྲན་རྩོད་ཡིན་པ་དང་ལྷག་པར་དུ་ན་གཞོན་ཤེས་ལྡན་མི་སྣའི་འགྲན་རྩོད་རེད། སློབ་མ་ཚོས་དབྱིན་ཇིར་ཕྱི་སྦྱོང་བྱེད་པར་བསྐྱོད་ནས་སློབ་སྦྱོང་ཧུར་ཐག་བྱེད་ཀྱི་ཡོད། ཁྱེད་ཚོ་ནི་ཀྲུང་གོའི་ཕུལ་བྱུང་ན་གཞོན་གྱི་འཐུས་མི་ཡིན་པ་མ་ཟད། ཀྲུང་གོའི་མ་འོངས་པའི་རེ་བ་ཡང་རེད་ཅེས་བརྗོད་པ་རེད། དེ་དང་དུས་མཚུངས་ཁོང་གིས་ད་དུང་ཕྱི་རྒྱལ་དུ་ཡོད་པའི་ཕྱི་སྦྱོང་སློབ་མས་གཅིག་ནས་ཕྱོགས་གང་ས་ཅི་ཐད་ཀྱི་ཤེས་བྱ་དང་རྩལ་ནུས་སློབ་སྦྱོང་ཧུར་ཐག་བྱེད་དགོས་པ་དང་། གཉིས་ནས་རྒྱལ་ཁབ་ཀྱི་འཕེལ་རྒྱས་ལ་དོ་ཁུར་དང་རྒྱལ་ཁབ་འཕེལ་རྒྱས་ཀྱི་དགོས་མཁོ་ཤེས་རྟོགས་བྱས་ནས་སྲིད་ཇུས་ཀྱི་འགྱུར་ལྡོག་གསར་ཤོས་ཁོང་དུ་ཆུད་པ་དང་རྒྱལ་སྤྱིའི་མཐོང་རྒྱ་ཡངས་པོའི་ཐོག་ནས་མེས་རྒྱལ་གྱི་འཕེལ་རྒྱས་ལ་ཐབས་ཇུས་བཏིང་སྟེ་དུས་སྐབས་གསར་པའི་ཀྲུང་གོའི་འཕེལ་རྒྱས་ཀྱི་འཛུགས་སྐྲུན་པ་དང་ལེགས་སྐྱེས་འབུལ་མཁན་ཞིག་བྱེད་དགོས་པའི་སྐུལ་ལྕག་བྱས་པ་རེད།
         ནན་ཨན་ཕུའུ་ཏུན་སློབ་ཆེན་གྱི་སློབ་སྤྱི་གཞོན་པ་ཁོ་ལིན·ཀོ་ལན་ཐེ་དང་། ལེ་ཏིང་སློབ་ཆེན་གྱི་དགེ་རྒན་ཆེ་མོ་བ་ཐང་དབྱིན་ཧྲན་གཉིས་ཀྱིས་དབྱིན་ཇིའི་སློབ་གྲྭ་དང་ཞིབ་དཔྱད་རིགས་གཅིག་མཁས་ཅན་ཕྱོགས་ཀྱི་ཚབ་ཞུས་ནས་བྱ་དགའ་ཐོབ་མཁན་གྱི་སློབ་མར་བཀྲ་ཤིས་བདེ་ལེགས་ཞུས་པ་དང་འབྲེལ་རྒྱལ་ཁབ་གཉིས་ཀྱིས་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་མུ་མཐུད་སྤེལ་རེས་དང་མཉམ་ལས་བྱེད་རྒྱུའི་རེ་བ་བཏོན་ཡོད་པ་རེད།
         དེ་ཉིན"རྒྱལ་ཁབ་ཀྱི་ཕུལ་བྱུང་རང་གྲོན་གཏོང་མཁན་ཕྱི་སྦྱོང་སློབ་མའི་སྦྱངས་འབྲས་ལེགས་ཐོན་གྱི་བྱ་དགའི་དངུལ་ཐོབ་མཁན་མཐུན་འབྲེལ་ལྷན་ཚོགས་(དབྱིན་ཇིའི་ཡན་ལག་ལྷན་ཚོགས་)"དབྱིན་ཇིར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཁང་གི་སློབ་གསོ་ཁྲུའུ་ཏུ་བཙུགས་པ་རེད། དབྱིན་ཇིར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཁང་གི་གཞུང་ཚབ་རིམ་པའི་སློབ་གསོའི་ཚན་ཙན་ཝང་ཡུང་ལིས་སློབ་གསོ་ཁྲུའུ་དེ་ཉིད་ཕྱི་སྦྱོང་སློབ་མའི་ཁྱིམ་ཚང་ལྟ་བུ་ཞིག་ཡིན་པའི་ངོས་ནས་སློབ་མར་སྤེལ་རེས་ལས་སྟེགས་སྐྲུན་འདོད་ཡོད་པ་དང་ཆབས་ཅིག་སླད་ཕྱིན་འཕེལ་རྒྱས་ཆེད་ནུས་པས་ལྕོགས་ཚོད་ཀྱི་རོགས་རམ་དང་རྒྱབ་སྐྱོར་བྱེད་རྒྱུ་ཡིན་ཞེས་བརྗོད་པ་རེད།
         2003ལོར"རྒྱལ་ཁབ་ཀྱི་ཕུལ་བྱུང་རང་གྲོན་གཏོང་མཁན་ཕྱི་སྦྱོང་སློབ་མའི་སྦྱངས་འབྲས་ལེགས་ཐོན་གྱི་བྱ་དགའི་དངུལ"བཙུགས་པ་དང་། བྱ་དགའ་སྤྲོད་ཡུལ་ནི་ལོ་40མན་དང་ཕྱི་རྒྱལ་དུ་འབུམ་རམས་པའི་སློབ་རྒྱུས་ཐོབ་རྒྱུར་འབད་བརྩོན་བྱེད་མཁན་ཀྲུང་གོའི་ཕུལ་བྱུང་རང་གྲོན་གཏོང་མཁན་ཕྱི་སྦྱོང་སློབ་མ་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།