འཚོལ་བཤེར།   
藏文频道
2017ལོའི་ཟླ་5ཚེས་2ཉིན།
  • མི་དམངས་དྲ་བ།

    ༄༅།།"རྒྱུད་གཅིག་ལམ་གཅིག"དང་ཀྲུང་ཅེའི་ཤེས་དཔལ་སྤེལ་རེས་དང་ཕན་ཚུན་དཔྱད་
    གཞིར་འཛིན་པའི་གླེང་སྟེགས་ཅེ་ཁེར་གཉེར་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 05ཚེས་02ཉིན། 11:22】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཚེས་26ཉིན“རྒྱུད་གཅིག་ལམ་གཅིག”དང་ཀྲུང་ཅེའི་ཤེས་དཔལ་སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་པའི་གླེང་སྟེགས་ཕུ་རག་ཏུ་གཉེར་བ་རེད།
         གླེང་སྟེགས་དེ་འོད་ཟེར་ཉིན་རེའི་ཚགས་པར་དང་། ཅེ་ཁེར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་། ཅེ་ཁེའི་གཙོ་རྒྱུན་སྨྱན་སྦྱོར་《རྩོམ་རིག་ཚགས་པར་》བཅས་ཀྱིས་མཉམ་འབྲེལ་ཐོག་གཉེར་བ་ཞིག་རེད། ཅེ་ཁེའི་རིག་གནས་སྒྱུ་རྩལ་དང་ཇུས་འདོན་ཚོགས་པའི་རིགས་གཅིག་མཁས་ཅན་དང་། “རྒྱུད་གཅིག་ལམ་གཅིག”ཞིབ་འཇུག་རིགས་གཅིག་མཁས་ཅན། རྒྱ་རིག་པ་མཁས་ཅན། ལོ་ཙཱ་བ་མཁས་ཅན། ཅེ་ཁེའི་གཙོ་རྒྱུན་སྨྱན་སྦྱོར་གྱི་འཐུས་མི་སོགས་ལས་རིགས་ཁག་གི་མི་སྣ་གདན་ཞུས་ལྟར་གླེང་སྟེགས་ལ་ཞུགས་ཡོད་པ་རེད།
         ཅེ་ཁེའི་ཙུང་ཐུང་ཙེ་མན་གྱིས་གླེང་སྟེགས་ལ་རྟེན་འབྲེལ་གློག་འཕྲིན་སྤྲིངས་ཤིང་། ཁོང་གིས་རྟེན་འབྲེལ་གློག་འཕྲིན་ནང“རྒྱལ་ཁབ་གཉིས་པོའི་རིག་གནས་སྤེལ་རེས་མཉམ་ལས་ཀྱི་རྣམ་གྲངས་ག་ཚོད་མང་ན་དེ་ཙམ་གྱིས་ཡག་པ་ཡོད‘རྒྱུད་གཅིག་ལམ་གཅིག’ནང་དཔལ་འབྱོར་མཉམ་ལས་བྱེད་པ་ཕུད། ད་དུང་རིག་གནས་མཉམ་ལས་ཀྱི་ཐབས་ལམ་ཉིན་རེ་བཞིན་རྒྱ་ཆེར་འགྲོ་རྒྱུའི་རེ་བ་ཡོད། མཉམ་ལས་དེ་ས་ཁམས་ཀྱི་བར་ཐག་ལས་སྒྲོལ་ནས་ང་ཚོ་དེ་བས་འབྲེལ་བ་དམ་ཟབ་ཡོང་བར་ར་འཕྲོད་བྱུང་ཡོད”ཅེས་བརྗོད་ཡོད་པ་རེད།
         འོད་ཟེར་ཉིན་རེའི་ཚགས་པར་ཁང་གི་སྤྱི་ཁྱབ་རྩོམ་སྒྲིག་པ་ཏུའུ་ཧྥེ་ཅིན་གྱིས་གཏམ་བཤད་སྤེལ་སྐབས་སྨྱན་སྦྱོར་ནི་ཆ་འཕྲིན་བརྒྱུད་སྤེལ་དང་རིག་གནས་སྤེལ་རེས་ཀྱི་གཞི་རྟེན་དང་ཐབས་ལམ་ཞིག་ཡིན་པས་ཀྲུང་ཅེ་རྒྱལ་ཁབ་གཉིས་པོའི་རིག་གནས་སྨྱན་སྦྱོར་སྒྲིག་གཞིས་རྒྱལ་ཁབ་གཉིས་པོའི་ཤེས་དཔལ་སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་རྒྱུ་གཏིང་ཟབ་ཏུ་བཏང་ནས་རྒྱལ་ཁབ་གཉིས་པོའི་མི་དམངས་དབར་བརྩེ་སེམས་ཟབ་མོ་ལྡན་པ་དང་གཅིག་སེམས་གཅིག་སྦྲེལ་ཡོང་རྒྱུར་སྐུལ་འདེད་གཏོང་བ་དང“རྒྱུད་གཅིག་ལམ་གཅིག”འཛུགས་རྒྱུར་སྐུལ་འདེད་བཏང་སྟེ་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་སྐྱིད་སྐྲུན་པའི་བརྒྱུད་རིམ་ནང་དམིགས་བསལ་གྱི་འགན་འཁྲི་འཁུར་ཡོད། རྒྱལ་ཁབ་གཉིས་པོའི་སྨྱན་སྦྱོར་སྒྲིག་གཞིས་ཚད་མཐོའི་རིག་གནས་ཀྱི་རང་རྟོགས་ལ་བརྟེན་ནས་བརྒྱུད་རིམ་དེར་སྐུལ་འདེད་གཏོང་དགོས་ཞེས་བརྗོད་པ་རེད།
         ཅེ་ཁེར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་མ་ཁེ་ཆིང་གིས་གཏམ་བཤད་སྤེལ་སྐབས་ཅེ་ཁེ་ནི“རྒྱུད་གཅིག་ལམ་གཅིག”གི་ལམ་རྒྱུད་རྒྱལ་ཁབ་གལ་ཆེན་ཞིག་དང་ཤེས་དཔལ་མི་འདྲ་བ་འདུས་པའི་གནས་ཤིག་རེད། ཀྲུང་ཅེ་རྒྱལ་ཁབ་གཉིས་པོར་ལོ་རྒྱུས་ཡུན་རིང་གི་རིག་གནས་སྲོལ་རྒྱུན་ལྡན་པས་སྤེལ་རེས་དང་དཔྱད་གཞིར་འཛིན་ཆོག་པའི་ཐོན་ཁུངས་ཧ་ཅང་མང་པོ་ཡོད། རྒྱལ་ཁབ་གཉིས་པོས་ཆབ་སྲིད་ཐད་འདྲ་མཉམ་དང་ཕན་ཚུན་ཡིད་ཆེས་དང་དཔལ་འབྱོར་ཐད་མཉམ་ལས་གཉིས་ཁེ་ཡོང་བ་བྱེད་པ་མ་ཟད། ད་དུང་རིག་གནས་ཐད་སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་བཟུང་ནས་འཐབ་ཇུས་རོགས་ཟླའི་འབྲེལ་བའི་ནང་དོན་ཕུན་སུམ་ཚོགས་སུ་དང་རྒྱ་ཆེར་བཏང་ནས་རྒྱལ་ཁབ་གཉིས་པོའི་སྲོལ་རྒྱུན་མཛའ་གྲོགས་འབྲེལ་བའི་དམངས་འདོད་ཀྱི་རྨང་གཞི་དང་སྤྱི་ཚོགས་ཀྱི་རྨང་གཞི་བརྟན་དུ་གཏོང་ཐུབ་རྒྱུའི་རེ་བ་ཡོད་ཅེས་བརྗོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།