འཚོལ་བཤེར།   
藏文频道
2017ལོའི་ཟླ་5ཚེས་2ཉིན།
  • མི་དམངས་དྲ་བ།

    ༄༅།།སྨན་བཅོས་ཤེས་ལྡན་མི་སྣའི"ཚོགས་སྒྲིག་རྣམ་པའི"བོད་སྐྱོར་ལས་དོན་སྤེལ་ནས་
    ནད་གཞི་ལྕི་པོ་ཕོག་པའི་ནད་པ་བཅོས་སྐྱོབ་ཀྱི་ཆུ་ཚད་མཐོ་རུ་བཏང་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 05ཚེས་02ཉིན། 13:36】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་4ཚེས་29ཉིན། བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་མི་དམངས་སྨན་ཁང་ནད་ལྕི་གསོ་རིག་ཚན་ཁག་གི་ཀྲུའུ་རེན་ཝུའེ་ཀང་ཉེ་ཆར་བོད་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་སྨན་བཅོས་ཤེས་ལྡན་མི་སྣའི“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་གྱི་རིམ་སྤེལ་རིག་གཞུང་བྱེད་སྒོ་སྤེལ་ཡུལ་དུ་ཡོང་ནས་པེ་ཅིང་ཞེ་ཧོ་སྨན་ཁང་ནད་ལྕི་གསོ་རིག་ཚན་ཁག་གི་ཀྲུའུ་རེན་དགེ་རྒན་ཆེ་མོ་བ་ལིའུ་ཏཱ་ཝུའེ་ཡིས“ཇོ་རིའི་གླེང་སྟེཌ”ཐོག་སློབ་ཚན་འཁྲིད་པ་ཉན་པ་རེད།
         ཀྲུང་དབྱང་རྩ་འཛུགས་པུའུ་སོགས་སྡེ་ཚན་གྱི་སྨན་བཅོས་ཤེས་ལྡན་མི་སྣའི“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་ལས་དོན་གྱི་དགོངས་དོན་དོན་འཁྱོལ་བྱ་ཆེད། བོད་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གིས་ལོ་གཉིས་བསྟུད་མར“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་གྱི་རིམ་སྤེལ་རིག་གཞུང་བྱེད་སྒོ་སྤེལ་ཞིང་། 2016ལོར་བྱེད་སྒོ་ཁག་40ལྷག་ཙམ་སྤེལ་ནས་ལྗོངས་ནང་ཁུལ་གྱི་སྨན་དོན་མི་སྣ་འབོར་ཆེན་གསོ་སྦྱོང་བྱས་པ་རེད། ད་ཐེངས་ཀྱི“ཞེ་ཧོའི་ནད་ལྕི་དང་ཁྲག་རྒྱུན་འཁོར་རྒྱུག་རིག་པའི་སྐོར་གྱི་ཇོ་རིའི་གླེང་སྟེགས”ནི་སྐབས་གཉིས་པ་ཡིན་ཞིང་། དེས་བོད་རང་སྐྱོང་ལྗོངས་ཀྱི་ས་གནས་ཁག་དང་གྲོང་ཁྱེར་ཁག་གི་ནད་ལྕི་གསོ་རིག་ཚན་ཁག་དང་དེ་བཞིན་དོས་དྲག་དང་། སྙིང་ཁམས། དབུགས་རྔུབ་གཏོང་། ནད་འགོ། སྦིར་སྨན་སོགས་ཚན་ཁག་གི་སྨན་དོན་མི་སྣའི་ཡིད་དབང་བཀུག་པ་དང་སློབ་ཚན་ཉན་མཁན་མི་གྲངས་200ཙམ་ཡོད་པ་རེད།
         བོད་དུ་ནད་གཞི་ལྕི་པོ་ཕོག་པའི་ནད་པ་ཅུང་མང་བ་དང་། ནང་སར་སྨན་བཅོས་བྱེད་པར་བསྐྱོད་པའི་དཀའ་ངལ་ཆེ་བ། ལམ་ཐག་རིང་བས་ལམ་བར་དུ་གནས་ཚུལ་ཐོན་སླ་བ་མ་ཟད། ད་དུང་གནམ་གྲུར་སྐྱེལ་འདྲེན་བྱེད་རིན་ཡང་མཐོ་པོ་ཡོད། ནད་པའི་སྲོག་སྐྱོབ་གང་ཐུབ་ཅི་ཐུབ་བྱེད་དགོས་ན་ངེས་པར་དུ་ལྗོངས་ནང་ཁུལ་གྱི་ནད་ལྕི་གསོ་རིག་ཚན་ཁག་འཕེལ་རྒྱས་ཀྱི་ཆུ་ཚད་མཐོ་རུ་གཏོང་དགོས་ཀྱི་ཡོད། མིག་སྔར་ནག་ཆུ་དང་མངའ་རིས་ས་ཁུལ་ཕུད་བོད་ཀྱི་ས་ཁུལ་དང་གྲོང་ཁྱེར་རིམ་པའི་སྨན་ཁང་ཚང་མར་ནད་ལྕི་གསོ་རིག་ཚན་ཁག་བཙུགས་མོད། འོན་ཀྱང་སྨན་ཁང་ཁག་གི་ནད་ལྕི་གསོ་རིག་ཚན་ཁག་ལ་སྨན་པ་དང་སྨན་ཞབས་པ་དཀོན་པ་དང་། སྒྲིག་ཆས་ཆ་མི་ཚང་བ་དང་རྙིང་པ་ཆགས་པ། ཚན་ཁག་གི་མི་སྣའི་ཆེད་ལས་ཀྱི་ཆུ་ཚད་མཐོ་རུ་གཏོང་དགོས་པ། ནད་ཐོག་སྨན་བཅོས་དང་ཚན་རིག་ཞིབ་འཇུག་གི་ནུས་པ་མི་འདང་བ། ཆ་འཕྲིན་ཅན་འཛུགས་སྐྱོང་བྱ་ཚུལ་རྗེས་ལུས་ཚབས་ཆེན་ཐེབས་པ་སོགས་ཀྱི་དཀའ་ངལ་འཕྲད་དང་འཕྲད་མུས་རེད།
         བོད་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་ནད་ལྕི་ཚན་ཁག་གི་ཀྲུའུ་རེན་པེ་ཅིང་ཞེ་ཧོ་སྨན་ཁང་གི་བོད་སྐྱོར་རིགས་གཅིག་མཁས་ཅན་ཝང་ཧའོ་ཡིས་སྨན་བཅོས་ཤེས་ལྡན་མི་སྣའི“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་ལས་དོན་སྤེལ་ཚུན། བོད་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གིས་པེ་ཅིང་ཞེ་ཧོ་སྨན་ཁང་གི་ཚད་གཞིའི་མ་ལག་དཔྱད་གཞིར་བཟུང་སྟེ། ས་གནས་དེ་གའི་ནད་ཐོག་སྨན་བཅོས་ཀྱི་སྤུས་ཚད་ཚོད་འཛིན་གྱི་སྟོན་གྲངས་དང་ནད་ཐོག་སྨན་བཅོས་སྲོག་སྐྱོབ་ཀྱི་རྒྱུན་སྲོལ་གཏན་འབེབས་བཟོས་པ་དང་། རིག་གཞུང་སྤེལ་རེས་དང་གསོ་སྦྱོང་ལས་དོན་ཤུགས་ཆེན་སྤེལ་བ། སྨན་ཁང་དེ་གའི་ནད་ལྕི་གསོ་རིག་རིག་ཚན་འཛུཌ་སྐྱོང་དང་ཤེས་ལྡན་པ་སྐྱེད་སྲིང་ལ་ཤུགས་སྣོན་བརྒྱབ་པ་དེ་ལྗོངས་ནང་ཁུལ་གྱི་ས་ཁུལ་དང་གྲོང་ཁྱེར་རིམ་པའི་སྨན་ཁང་7དང་རྫོང་སྨན་ཁང་74ལ་ཁྱབ་ཡོད་ལ་སྐུལ་ཁྲིད་ཀྱང་བྱུང་ཡོད་ཅེས་ངོ་སྤྲོད་གནང་བ་རེད།
        བོད་སྐྱོར་ལས་དོན་གྱི་རུ་སྣེ་ཁྲིད་མཁན་དང་། པེ་ཅིང་ཞེ་ཧོ་སྨན་ཁང་གི་ཡོའན་ཀྲང་གཞོན་པ། བོད་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གི་ཡོའན་ཀྲང་བཅས་ཡིན་པའི་ཧན་ཏིང་གིས་གནད་སྨིན་རོགས་སྐྱོབ་ཀྱི་བསམ་ཕྱོགས་དང་ལས་ཀ་བྱེད་ཐབས་དེ་རིགས་འབྲེལ་ཡོད་སྡེ་ཚན་གྱིས་བཏོན་པའི“ནད་ཆེན་བོད་དུ་བཅོས་ཐུབ་པ་དང་། ནད་འབྲིང་གྲོང་ཁྱེར་དུ་བཅོས་ཐུབ་པ། ནད་ཆུང་རྫོང་དུ་བཅོས་ཐུབ་པ”བཅས་ཀྱི་སྤྱིའི་དམིགས་ཚད་མངོན་འགྱུར་ཡོང་རྒྱུ་དང་ལྷག་དོན་དུ་བོད་ནས་ནང་སར་སྨན་བཅོས་བྱེད་པར་འགྲོ་འདོད་ཀྱང་འགྲོ་མི་ཐུབ་པའི་ནད་གཞི་ལྕི་པོ་ཕོག་པའི་ནད་པའི་ངོས་ནས་བརྗོད་ན་དོན་སྙིང་གལ་ཆེན་ལྡན་པ་ཞིག་ཡིན། དེ་ལས་བོད་ཀྱི་མི་རིགས་ཁག་གི་ལས་བྱེད་མང་ཚོགས་ཚོར་ཕན་པ་དངོས་ཐོབ་རྒྱུ་ཡིན་ཞེས་བརྗོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།