འཚོལ་བཤེར།   
藏文频道
2017ལོའི་ཟླ་5ཚེས་2ཉིན།
  • མི་དམངས་དྲ་བ།

    ༄༅།།པེ་ཅིང་གིས"ཨང་ཐིག་བཤར་འབེབས"ཀྱི་སྒོ་འཛིན་འཚོང་བའི་བྱ་ཐབས་སྤྱད་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 05ཚེས་02ཉིན། 11:17】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་4ཚེས་29ཉིན་ནི“ལྔ་གཅིག”གུང་གསེང་གི་ཉིན་དང་པོ་ཡིན་པ་དང་གནམ་གཤིས་ལེགས་པའི་ཉིན་དེར་ཡུལ་སྐོར་བ་དང་གྲོང་མི་མང་པོ་ཞིག་པེ་ཅིང་གི་སྤྱི་གླིང་ཁག་ཏུ་རང་བྱུང་མཛེས་ལྗོངས་མྱོང་རོལ་བྱེད་པར་སླེབས་ཡོད། པེ་ཅིང་གྲོང་ཁྱེར་སྤྱི་གླིང་དོ་དམ་ལྟེ་གནས་ཀྱིས་བསྡོམས་རྩིས་བྱས་པར། ཕྱི་དྲོའི་ཆུ་ཚོད་གསུམ་པ་ཙམ་དུ་པེ་ཅིང་གྲོང་ཁྱེར་ཁོངས་གཏོགས་ཀྱི་སྤྱི་གླིང་དང་རྟེན་རྫས་བཤམས་མཛོད་ཁང་11གིས་ཡུལ་སྐོར་བ་དང་གྲོང་མི་མི་ཐེངས་ཁྲི་51ལ་སྣེ་ལེན་ཞུས་པ་དང་དབྱི་ཧོ་ཡོན་དང་། སྲོག་ཆགས་གླིང་། ཐེན་ཐན་བཅས་ནི་ཡུལ་སྐོར་བར་སྣེ་ལེན་ཞུ་མང་ཤོས་ཀྱི་མདུན་གྲས་གསུམ་ཡིན་ཞིང་། དུས་རྒྱུན་དང་མི་འདྲ་བར་འདི་ལོའི“ལྔ་གཅིག”རིང་པེ་ཅིང་གྲོང་ཁྱེར་ཁོངས་གཏོགས་སྤྱི་གླིང་གི་དྲ་སྦྲེལ་ཐོག་ནས་སྒོ་འཛིན་འཚོང་སའི་ཞབས་ཞུའི་ལས་སྟེགས་ཐོག་མར་སྤྱོད་འགོ་ཚུགས་པས་ཡུལ་སྐོར་བས་དབྱི་ཧོ་ཡོན་དང་། ཐེན་ཐན། སྲོག་ཆགས་གླིང་སོགས་ཡུལ་སྐོར་བ་མང་བའི་སྤྱི་གླིང་དུ“ཨང་ཐིག་བཤར་འབེབས་བྱས་ནས་སྒོ་འཛིན་ཉོས་ཏེ་གང་མགྱོགས་སྤྱི་གླིང་དུ་བསྐྱོད་པའི”སྒོ་འཛིན་འཚོང་བ་དང་སྒོ་འཛིན་བཤེར་བའི་བྱ་ཐབས་གསར་པ་སྤྱད་པས་གྲལ་སྒྲིག་སྟེ་སྒོ་འཛིན་ཉོ་དགོས་ཀྱི་མེད། འདི་ལོའི་ལོ་མཇུག་ཏུ་དམངས་ཕན་ཞབས་ཞུ་དེ་པེ་ཅིང་གྲོང་ཁྱེར་ཁོངས་གཏོགས་ཀྱི་སྤྱི་གླིང་དང་ཀྲུང་གོ་སྐྱེད་ཚལ་རྟེན་རྫས་བཤམས་མཛོད་ཁང་11ཚང་མར་ཁྱབ་པ་བྱ་རྒྱུ་ཡིན་པ་རེད།
         ངོ་སྤྲོད་བྱས་པར་གཞིགས་ན། “ལྔ་གཅིག”གུང་གསེང་ནི་ས་ཆ་གཞན་གྱི་ཡུལ་སྐོར་བ་པེ་ཅིང་དུ་ཡོང་མང་བའི་དུས་ཤིག་རེད་ལ་པེ་ཅིང་གི་གྲོང་མི་སྤྱི་གླིང་དུ་སྤྲོ་འཆམ་བྱེད་པར་སྐྱོད་པའི་དུས་ཚོད་ཡག་ཤོས་ཤིག་ཀྱང་རེད། ས་ཆ་གཞན་གྱི་ཡུལ་སྐོར་བ་དང་པེ་ཅིང་གི་གྲོང་མི་སྤྱི་གླིང་དུ་ཡུལ་སྐོར་བྱེད་མཁན་ཧ་ཅང་མང་པོ་ཡོད་ཅིང་། འདི་ལོའི“ལྔ་གཅིག”གུང་གསེང་རིང་པེ་ཅིང་གྲོང་ཁྱེར་ཁོངས་གཏོགས་ཀྱི་སྤྱི་གླིང་ཁག་ཏུ“རིག་གནས་འགྲེམས་སྟོན་ལ་ལྟ་བ་དང་། མེ་ཏོག་ལ་ལྟ་བ། ཚན་རིག་ཁྱབ་གདལ་ལ་ལྟ་བ”བཅས་རིགས་ཆེ་ཁག་3དང་གླིང་ཁར་སྤྲོ་གསེང་བྱེད་པའི་བྱེད་སྒོ་ཁག་35སྤེལ་བ་དང་། སྤྱི་གླིང་ཁག་ཏུ་མེ་ཏོག་ཁོག་མ་ཁྲི་200སྒྲིག་པ། ཡུལ་སྐོར་བ་མི་ཐེངས་ཁྲི་180ལ་སྣེ་ལེན་ཞུ་རྒྱུ་བཅས་རེད། ཡུལ་སྐོར་བ་མང་བའི་དུས་ཚིགས་དེར་བསུ་བ་ཞུ་ཆེད། དབྱི་ཧོ་ཡོན་སོགས་ཚོད་ལྟའི་འཁོར་རྒྱུག་ཚན་པ་གསུམ་གྱིས་གཙོ་གནད་ཁུལ་12ལ་སྒོ་འཛིན་བཤེར་ས་40བཙུགས་པ་དང་། རྩ་གཉིས་ཨང་རྟགས་ཀྱི་བྱང་བུ་50བཙུགས་པ། ས་གནས་ས་ཐོག་ཏུ་རོགས་རམ་བྱེད་མཁན་དང་བླངས་པ་བརྒྱ་ལྷག་ཙམ་སྒྲིག་འཛུགས་བྱས་ནས་གློག་རྡུལ་སྒོ་འཛིན་འཚོང་བའི་མ་ལག་ནུས་ལྡན་ངང་གཉེར་སྐྱོང་བྱ་རྒྱུའི་འགན་ལེན་གང་ལེགས་བྱས་ཡོད་པ་རེད། དབྱི་ཧོ་ཡོན་ནས་འཛུལ་སྒོ་ཁག་ཚང་མར་ཨང་ཐིག་བཤར་འབེབས་བྱས་ནས་སྒོ་འཛིན་ཉོས་ཏེ་སྤྱི་གླིང་དུ་འཛུལ་ཆོག་པ་དང་དེ་སྔ་ལྟར་ཡུལ་སྐོར་བ་གྲལ་སྒྲིག་ནས་སྒོ་འཛིན་ཉོ་དགོས་ཀྱི་མེད། དང་བླངས་པས་ཡུལ་སྐོར་བར་ཨང་ཐིག་བཤར་འབེབས་ཀྱི་སྤ་སེ་ཉོ་རོགས་བྱས་ནས་ཚང་མས་སྒྲིག་ལམ་ཡག་པོ་སྲུང་བཞིན་པ་གསར་འགོད་པས་མཐོང་བྱུང་། པེ་ཅིང་གྲོང་ཁྱེར་སྤྱི་གླིང་དོ་དམ་ལྟེ་གནས་ཆ་འཕྲིན་ལྟེ་གནས་ཀྱི་ཀྲུའུ་རེན་ཝང་ཞའོ་ཅུན་གྱིས་ཡུལ་སྐོར་བས་གློག་རྡུལ་སྒོ་འཛིན་བེད་སྤྱོད་བྱས་མེད་ཚེ་སྒོ་འཛིན་རིན་པ་གྲངས་ཚང་ངང་སློག་རྒྱུ་ཡིན་པས་འགྲོ་ལུགས་གཉེར་བའི་དངུལ་སྤྲོད་དགོས་ཀྱི་མེད། རང་འདེམས་ཡུལ་སྐོར་དུས་ཚོད་ཀྱི་ཉིན་བདུན་ནང་ཚུན་དུ་དྲ་བའི་ཐོག་ནས་སྒོ་འཛིན་ཕྱིར་སློག་བྱེད་ཆོག་ཅེས་ངོ་སྤྲོད་བྱས།
      

    ཕྱོགས་བསྡུས་གསར་འགྱུར།