འཚོལ་བཤེར།   
藏文频道
2017ལོའི་ཟླ་5ཚེས་2ཉིན།
  • མི་དམངས་དྲ་བ།

    ༄༅།།2017ལོའི“བརྒྱ་གཉིས”ཁྲིམས་སྐྱོང་སྒྲོག་འགྲེལ་སྐོར་གྱི་ཀྲུང་དབྱང་དང་རྒྱལ་
    ཁབ་ལས་ཁུངས་ཀྱི་ཆེད་དོན་སྙན་ཞུའི་ཚོགས་འདུ་འཚོགས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 05ཚེས་02ཉིན། 11:16】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
          མི་དམངས་དྲ་བའི་འཕྲིན། ཉེ་ཆར“ཁྲིམས་རིག་མཁས་ཅན་བརྒྱའི་སྙན་ཞུའི་ཚོགས་འདུ་བརྒྱ”ཡི་ཁྲིམས་སྐྱོང་སྒྲོག་འགྲེལ་བྱེད་སྒོའི་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་ཆེད་དོན་སྙན་ཞུའི་ཚོགས་འདུ་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་འཚོགས་པ་རེད།
         སྙན་ཞུའི་ཚོགས་འདུའི་ཐོག་ཀྲུང་གོ་ཁྲིམས་རིག་པ་ལྷན་ཚོགས་ཀྱི་ཏང་ཙུའི་ཁོངས་མི་དང་། ཚོགས་གཙོ་གཞོན་པ། རིག་གཞུང་ཨུ་ལྷན་གྱི་ཀྲུའུ་རེན་བཅས་ཡིན་པའི་ཀྲང་ཝུན་ཞེན་གྱིས་《རྒྱལ་སྲིད་སྐྱོང་ལུགས་སྐོར་གྱི་ཁྲིམས་སྐྱོང་འདུ་ཤེས་དང་ཁྲིམས་སྐྱོང་དགོངས་པ་》ཞེས་པའི་ཆེད་དོན་སྙན་ཞུ་གནང་བར་ཚོགས་ཞུགས་གསན་པ་པོའི་ཚུར་སྣང་ལན་ཆ་ཆེན་པོ་ཐོབ་པ་རེད།
         ཀྲང་ཝུན་ཞེན་གྱིས་སྙན་ཞུ་གནང་སྐབས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཁྲིམས་སྐྱོང་རིག་པ་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཁྲིམས་སྐྱོང་གི་རིགས་པའི་གཞུང་ལུགས་གསར་གཏོད་རང་བཞིན་གྱི་སྒོ་ནས་འཕེལ་རྒྱས་བཏང་གནང་བ་མ་ཟད། ད་དུང་གང་འདྲ་ཞིག་ལ་ཁྲིམས་སྐྱོང་ཟེར་བ་དང་། གང་འདྲ་ཞིག་ལ་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་ཟེར་བ། ཇི་འདྲ་བྱས་ནས་ཁྲིམས་བཞིན་རྒྱལ་ཁབ་སྐྱོང་དགོས་པ་དང་སྤྱི་ཚོགས་རིང་ལུགས་ཁྲིམས་སྐྱོང་རྒྱལ་ཁབ་འཛུགས་སྐྲུན་བྱེད་དགོས་པ། ཇི་འདྲ་བྱས་ནས་ཁྲིམས་སྐྱོང་ཀྲུང་གོ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས་པ། ཇི་འདྲ་བྱས་ནས་ཁྲིམས་སྐྱོང་སྲོལ་ལམ་ཐོག་ནས་རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་བསྒྱུར་རྒྱུར་སྐུལ་འདེད་གཏོང་དགོས་པ། ཇི་འདྲ་བྱས་ནས་ཕྱོགས་ཡོངས་ནས་ཁྲིམས་བཞིན་རྒྱལ་ཁབ་སྐྱོང་རྒྱུ་དེ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱ་རྒྱུ་དང་། ཕྱོགས་ཡོངས་ནས་སྒྱུར་བཅོས་གཏིང་ཟབ་བྱ་རྒྱུ། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུ་བཅས་དང་ཕན་ཚུན་རམ་འདེགས་དང་། ཕན་ཚུན་སྐུལ་འདེད། ཕན་ཚུན་སྤེལ་རེས་བཅས་ཀྱི་རྣམ་པ་ཞིག་ཆགས་པ་བྱེད་དགོས་པ་སོགས་ཀྱི་གནད་དོན་གལ་ཆེན་རབ་དང་རིམ་པར་ལན་གསལ་པོ་ཞིག་བསྐྱོན་ཡོད་ཅེས་གསུངས་པ་རེད།
         ངོ་སྤྲོད་བྱས་པར་གཞིགས་ན། 2017ལོའི“བརྒྱ་གཉིས”ཀྱི་བྱེད་སྒོས་ཏང་གི་ཚོགས་ཆེན་བཅུ་དགུ་པར་བསུ་བ་ཞུ་རྒྱུ་དང་། དྲིལ་བསྒྲགས་བྱ་རྒྱུ། ལག་བསྟར་བྱ་རྒྱུ་བཅས་ཀྱི་གཙོ་གནད་ལ་དམ་པོར་དམིགས་ཏེ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཁྲིམས་སྐྱོང་རིགས་པའི་གཞུང་ལུགས་ཀྱི་གྲུབ་འབྲས་གསར་ཤོས་དྲིལ་བསྒྲགས་དང་འཆད་འགྲེལ་བྱ་རྒྱུ་གཙོ་བོར་བཟུང་ནས་ཤུགས་རྒྱག་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།