འཚོལ་བཤེར།   
藏文频道
2017ལོའི་ཟླ་4ཚེས་26ཉིན།
  • མི་དམངས་དྲ་བ།

    ༄༅།།སྐབས་བཅུ་གསུམ་པའི་ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་རྨ་ཆུ་མྱུར་བརྒལ་གྱི་མཐར་སོན་འགྲན་སློང་
    འགྲན་བསྡུར་བྱ་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 04ཚེས་26ཉིན། 14:54】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། འདི་ལོའི་ཟླ་8ཚེས་4ནས་ཚེས་6ཉིན་བར་སྐབས་བཅུ་གསུམ་པའི་ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་རྨ་ཆུ་མྱུར་བརྒལ་གྱི་མཐར་སོན་འགྲན་སློང་འགྲན་བསྡུར་དེ་ཀྲུང་གོའི་ས་ལར་རིགས་རང་སྐྱོང་རྫོང་འབའ་ཞིག་ཡིན་པའི་མཚོ་སྔོན་ཞིང་ཆེན་མཚོ་ཤར་གྲོང་ཁྱེར་ཡ་རྫི་ས་ལར་རིགས་རང་སྐྱོང་རྫོང་རྨ་ཆུའི་ཆུ་ཁོངས་སུ་གཉེར་རྒྱུ་ཡིན་པ་རེད།
           འགྲན་བསྡུར་དེ་ཕོ་མོ་གཉིས་ཀྱི་ལོ་ནར་གཞིགས་ཏེ་ABCDབཅས་རིམ་པ་བཞིར་དབྱེ་ནས་རྨ་ཆུའི་ཡ་རྫིའི་རྒྱུད་ཀྱི་ཆུ་ཁོངས་སུ་སྨི་500མྱུར་བརྒལ་བྱ་རྒྱུ་ཡིན་ཞིང་། ཚོགས་ཆུང་རེ་ནས་ཨང་དང་པོ་ནས་ཨང་བཅུ་གཉིས་བར་བསྡུས་ཏེ་ཨང་དང་པོ་ནས་བརྒྱད་པའི་བར་ལ་གཟེངས་བསྟོད་རྟགས་མ་དང་། བྱ་དགའི་དངུལ། ལག་ཁྱེར་བཅས་སྤྲོད་རྒྱུ་དང་། ཨང་དགུ་པ་ནས་བཅུ་གཉིས་བར་ལ་བྱ་དགའི་དངུལ་དང་ལག་ཁྱེར་སྤྲོད་རྒྱུ། ཚོགས་པའི་སྤྱིའི་སྐར་གྲངས་ཨང་དང་པོ་ནས་ཨང་དྲུག་པ་བར་ལ་བྱ་དགའི་བུམ་པ་དང་། བྱ་དགའི་དངུལ། ལག་ཁྱེར་བཅས་སྤྲོད་རྒྱུ། མི་སྒེར་དང་ཚོགས་པའི་ཨང་དང་པོར་བྱ་དགའ་སྒོར་10000སྤྲོད་རྒྱུ་ཡིན་པ་བཅས་རེད།
      

    ཕྱོགས་བསྡུས་གསར་འགྱུར།