འཚོལ་བཤེར།   
藏文频道
2017ལོའི་ཟླ་4ཚེས་26ཉིན།
  • མི་དམངས་དྲ་བ།

    ༄༅།།གཉའ་ལམ་རྫོང་དུ་གེགས་བར་བྱུང་རྗེས་ཀྱི་སྡོད་ཁང་བསྐྱར་སྐྲུན་གཞི་རྩའི་ཆ་ནས་ལེགས་
    གྲུབ་བྱུང་ཡོད་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 04ཚེས་26ཉིན། 15:16】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།གཉའ་ལམ་རྫོང་དུ་གེགས་བར་བྱུང་རྗེས་ཀྱི་སྡོད་ཁང་བསྐྱར་སྐྲུན་གཞི་རྩའི་ཆ་ནས་ལེགས་
གྲུབ་བྱུང་ཡོད་པ།
         མི་དམངས་དྲ་བའི་འཕྲིན། ཉེ་ཆར། བོད་ལྗོངས་གཉའ་ལམ་རྫོང་གི་གེགས་བར་བྱུང་རྗེས་ཀྱི་སྡོད་ཁང་བསྐྱར་སྐྲུན་གཞི་རྩའི་ཆ་ནས་ལེགས་གྲུབ་བྱུང་ཡོད་པ་རེད། 2015ལོའི་ཟླ་4ཚེས་25ཉིན། བལ་པོ་རྒྱལ་ཁབ་ཏུ་ས་ཡོམ་རིམ་པ་8.1བྱུང་ནས་དེའི་ཡོམ་ཤུགས་བོད་ལྗོངས་ཀྱི་རྫོང་མང་པོ་ཞིག་ཏུ་ཐེབས་ཤིང་། དེའི་ནང་གཉའ་ལམ་རྫོང་ནི་གནོད་འཚེ་བྱུང་ཚད་ཚབས་ཆེ་ཤོས་ཀྱི་གྲས་ཤིག་ཡིན་པ་རེད། ཉེ་བའི་ལོ་ཤས་རིང་། རྫོང་དེ་གས་དམངས་ཀྱི་སྡོད་ཁང་བསྐྱར་སྐྲུན་དང་། གྲོང་ཚོ་བསྐྱར་སྒྲིག གྲོང་རྡལ་བསྐྱར་འཛུགས་སོགས་ཀྱི་རྣམ་པར་བརྟེན་ནས་གེགས་བར་བྱུང་རྗེས་བསྐྱར་སྐྲུན་ལས་དོན་སྤེལ་བ་རེད། པར་རིས་འདི་ནི་ཟླ་4ཚེས་24ཉིན་པར་དུ་བླངས་པའི་གཉའ་ལམ་རྫོང་ན་ལུང་ཤང་གི་རྣམ་པ་ཡིན་ཞིང་། 2016ལོར་ས་གནས་འདི་རུ་གནས་སྤོས་ཡོང་བ་རེད།
      

    ཕྱོགས་བསྡུས་གསར་འགྱུར།