འཚོལ་བཤེར།   
藏文频道
2017ལོའི་ཟླ་4ཚེས་26ཉིན།
  • མི་དམངས་དྲ་བ།

    ༄༅།།ཕྱི་འབྲེལ་པུའི་མགྲིན་ཚབ་པས་ཀྲུང་གོ་ཕྱོགས་ཀྱིས་ཁྲའོ་ཞན་ཕྱེད་གླིང་གི་དུས་བབ་སྔར་བས་
    ཛ་དྲག་ཏུ་མི་འགྲོ་བའི་ཆེད་ཕྱོགས་ཁག་ལ་ཡིད་རྣལ་དུ་ཕབ་ནས་བཟོད་སྒོམ་བྱེད་
    དགོས་པའི་སྐུལ་མ་ཤུགས་ཆེན་གཏོང་རྒྱུ་ཡིན་ཞེས་བསྟན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 04ཚེས་26ཉིན། 14:52】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། ཟླ་4ཚེས་24ཉིན་གྱི་གསར་འགོད་པའི་འཆར་ཅན་ཚོགས་འདུའི་ཐོག་ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཀེང་ཧྲོང་གིས། ཀྲུང་གོ་ཕྱོགས་ཀྱིས་འབྲེལ་ཡོད་ཕྱོགས་ཁག་ལ་ཡིད་རྣལ་དུ་ཕབ་ནས་བཟོད་སྒོམ་བྱེད་དགོས་པ་ལས་ཁྲའོ་ཞན་ཕྱེད་གླིང་གི་དུས་བབ་ཛ་དྲག་ཏུ་འགྲོ་བའི་བྱེད་སྤྱོད་སྤེལ་མི་རུང་ཞེས་སྐུལ་མ་ཤུགས་ཆེན་གཏོང་རྒྱུ་ཡིན་ཞེས་བསྟན་པ་རེད།
          ཉིན་དེར་ཀེང་ཧྲོང་གིས་ཁྲའོ་ཞན་གྱི་ཉིང་རྡུལ་མཚོན་ཆའི་ཚོད་ལྟར་འཛིན་པའི་ཀྲུང་གོ་ཕྱོགས་ཀྱི་ལངས་ཕྱོགས་ཐད་ཀྱི་དྲི་བར་ལན་འདེབས་སྐབས་གོང་གསལ་གྱི་སྐད་ཆ་དེ་བརྗོད་ཡོད།
         “མིག་སྔ་ཕྱེད་གླིང་གི་དུས་བབ་རྙོག་འཛིང་དང་། ཚོར་བ་སྐྱེན་པ་དང་། ཛ་དྲག་ཧ་ཅང་ཆེ་རུ་འགྲོ་བཞིན་ཡོད་པས། ང་ཚོས་འབྲེལ་ཡོད་ཕྱོགས་ཁག་ལ་ཡིད་རྣལ་དུ་ཕབ་ནས་བཟོད་སྒོམ་བྱེད་དགོས་པ་ལས་དུས་བབ་ཛ་དྲག་ཏུ་འགྲོ་བའི་བྱེད་སྤྱོད་སྤེལ་མི་རུང་བའི་སྐུལ་མ་ཤུགས་ཆེན་གཏོང་རྒྱུ་ཡིན། དེ་དང་ཆབས་ཅིག་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཁྲའོ་ཞན་གྱི་ཉིང་རྡུལ་འཕུར་མདེལ་བྱེད་སྤྱོད་གཏན་འགོག་ཐད་བླང་བྱ་གསལ་པོ་བཏོན་ཡོད”ཅེས་ཁོང་གིས་བརྗོད།
          ཀྲུང་གོ་ཕྱོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཉེ་དུས་ཚོགས་རྒྱུའི་ཁྲའོ་ཞན་ཕྱེད་གླིང་གི་ཉིང་རྡུལ་མཚོན་ཆའི་གནད་དོན་གྱི་པུའུ་ཀྲང་རིམ་པའི་ཡོངས་བསྒྲགས་ཚོགས་འདུར་ཞུགས་མིན་གྱི་དྲི་བར་ལན་འདེབས་སྐབས། ཀེང་ཧྲོང་གིས་ཀྲུང་གོ་ཕྱོགས་ཀྱིས་དེའི་ཐད་ཞིབ་འཇུག་བྱེད་བཞིན་ཡོད། ཆ་འཕྲིན་གསར་པ་ཡོད་ན་འོས་འཚམ་སྐབས་ཁྱབ་བསྒྲགས་བྱ་རྒྱུ་ཡིན་ཞེས་བརྗོད།
          ཟླ་4ཚེས་25ཉིན་ནི་ཁྲའོ་ཞན་གྱི་མི་དམངས་དམག་བཙུགས་ནས་ལོ་85འཁོར་བའི་དྲན་གསོའི་ཉིན་མོ་ཡིན། ཀྲུང་གོ་ཕྱོགས་ཀྱིས་འཐུས་མི་ཁྲའོ་ཞན་གྱི་དམག་བཙུགས་དུས་ཆེན་གྱི་བྱེད་སྒོར་མི་མངགས་ནས་ཞུགས་མིན་སྐོར་གསར་འགོད་པས་འདྲི་སྐབས། ཀེང་ཧྲོང་གིས་ཀྲུང་གོ་དང་ཁྲའོ་ཞན་ནི་མཛའ་གྲོགས་ཁྱིམ་མཚེས་རྒྱལ་ཁབ་ཡིན་པ་དང་ཕྱོགས་གཉིས་ཀས་སྔར་ནས་ད་བར་མཛའ་མཐུན་འགྲོ་འོང་བྱེད་ཀྱི་ཡོད་ཅེས་བརྗོད།
      

    ཕྱོགས་བསྡུས་གསར་འགྱུར།