འཚོལ་བཤེར།   
藏文频道
2017ལོའི་ཟླ་4ཚེས་26ཉིན།
  • མི་དམངས་དྲ་བ།

    ༄༅།།ཡུན་ནན་སེམས་ཀྱི་ཉི་ཟླའི་ཉི་ཤར་ཤང་གྱང་རྡོང་གྲོང་ཚོས་རིག་གནས་ཡུལ་སྐོར་ལ་བརྟེན་
    ནས་ཐོན་ལས་ལ་འབབ་འཕར་ཡོང་བའི་སྣེ་ཁྲིད་བྱེད་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 04ཚེས་26ཉིན། 14:56】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། 2018ལོར་ཕྱོགས་ཡོངས་ནས་དབུལ་སྒྲོལ་ཕྱུག་འགྱུར་ངང་འབྱོར་འབྲིང་ཕྱོགས་སུ་སྐྱོད་པའི་དམིགས་ཚད་མངོན་འགྱུར་བྱ་ཆེད། 2016ལོར་ཡུན་ནན་བདེ་ཆེན་གྱང་རྡོང་གྲོང་ཚོའི་གནད་སྨིན་དབུལ་སྐྱོར་བྱ་ཡུལ་དུད་ཚང་དབུལ་པོ་29ཡི་ནང་ནས་དུད་ཚང་དབུལ་པོ་28ཀྱི་དབུལ་ཞྭ་ཕུད་ཡོད། གྱང་རྡོང་གྲོང་ཚོའི་གྲོང་སྡོད་ལས་བྱེད་པ་དང་མང་ཚོགས་ཚོས་བསམ་བློ་གཏོང་སར་བསམ་བློ་གཏོང་བ་དང་། ཤུགས་རྒྱག་སར་ཤུགས་རྒྱག་པ། རྔུལ་ཆུ་འདོན་སར་རྔུལ་ཆུ་འདོན་པ་བཅས་བྱས་པ་དང་། ཁྱད་ལྡན་ཐོན་ལས་འཕེལ་རྒྱས་གཏོང་རྒྱུ་འཐབ་ས་གཙོ་བོར་བྱས་ཏེ་འཚམ་མཐུན་གྱི་རྣམ་གྲངས་གནད་ལ་འཁེལ་བའི་ངང་འཚོལ་བ་དང་ཐབས་ཤེས་བཟང་པོ་འདོན་པ། ཁྱད་ལྡན་ཞིང་ལས་ལེགས་ཆའི་ཐོན་ཁུངས་དང་ཡུལ་དེའི་རིག་གནས་ཀྱི་ནང་དོན་ཕན་ཚུན་ཟུང་དུ་འབྲེལ་བ་བཅས་བྱས་ཏེ། ཉི་ཤར་ཤང་གི་རིག་གནས་ཡུལ་སྐོར་ལ་བརྟེན་ནས་ཐོན་ལས་འབབ་འཕར་དང་ཕན་འབྲས་ཐོན་རྒྱུར་སྣེ་ཁྲིད་བྱེད་པའི་དཔེ་སྟོན་ཁུལ་བཏོད་ཡོད།
          གྱང་རྡོང་གྲོང་ཚོའི་ངོས་ནས་བརྗོད་ན། དེང་རབས་ཞིང་ལས་འདེབས་འཛུགས་དང་། གསོ་ཚགས། འབྲོག་ལས་དང་རིག་གནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་གཏོང་རྒྱུ་ནི་ཁོང་ཚོའི་ལེགས་ཆ་ཡིན། གཅིག་ནས་ལྗང་མདོག་སྣོད་བཅུད་ཁ་ཕྱོགས་སུ་བྱས་པའི་དེང་རབས་ཞིང་ལས་ཡག་པོ་གཉེར་བ་དང་སྣོད་བཅུད་དང་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་གཞི་རྟེན་དུ་བྱས་པའི་ཡུལ་སྐོར་ཐོན་ལས་སྟོབས་ཆེར་གཏོང་རྒྱུ་དང་། གཉིས་ནས“ཞིང་འབྲོག་གསབ་རེས”བསམ་བློ་གཏོང་ཡུལ་དུ་བྱས་པའི་འབྲོག་ལས་ཐོན་ལས་རྒྱ་སྟོབས་ཆེ་རུ་གཏོང་རྒྱུ། “ཀུང་སི་དང་། མཉམ་ལས་ཁང་། ཞིང་དུད”བཅས་ཟུང་འབྲེལ་དང“ཚོགས་སྤྱི་ཆུང་གྲས་དང་གཞི་ཁྱོན་ཆེན་པོའི”ཁྱད་ལྡན་གསོ་ཚགས་རྟེན་གཞི་འཕེལ་རྒྱས་ཤུགས་ཆེན་བཏང་སྟེ་ཉི་ཤར་གྱི་བྱ་དེ་གསོ་ཚགས་ཀྱི་སྤུས་རྟགས་སྐད་གྲགས་ཆོད་ཚད་ཆེ་རུ་གཏོང་རྒྱུ། གསུམ་ནས་སྣོད་བཅུད་དང་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་གཞི་རྟེན་དུ་བྱས་པའི་ཡུལ་སྐོར་ཐོན་ལས་རྒྱ་སྟོབས་ཆེ་རུ་གཏོང་རྒྱུ། སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་ཐོན་ཁུངས་ནང་དོན་གཙོ་བོར་བྱས་པའི་ཡུལ་སྐོར་བྱེད་སྒོའི་ནང“རིག་གནས”ནི་འཚོ་བའི་མཚོན་ཚུལ་ཞིག་དང“ཐོན་ལས”ནི་ཐོན་སྐྱེད་བྲིན་ཚོང་བྱེད་སྟངས་ཤིག་ཡིན་པ་དང་དེ་གཉིས་པོའི་འབྲེལ་མཐུད་བྱེད་ས་ནི“བསམ་བཀོད”ལ་བརྩི་རྒྱུ་བཅས་སོ།
          གྲོང་ཚོ་དེས་གཞི་རིམ་ཏང་རྩ་འཛུགས་ཀྱི་དམག་འཐབ་མཁར་རྫོང་གི་ནུས་པ་དང་ཏང་ཡོན་གྱི་གདོང་ལེན་དཔེ་བཟང་ནུས་པ་སྔར་བས་འདོན་སྤེལ་བྱས་ཏེ་དབུལ་སྐྱོར་ལམ་སྲོལ་འཐུས་ཚང་དང་གསར་གཏོད་ལ་སྐུལ་འདེད་གཏོང་བ་དང་། དབུལ་སྐྱོར་ལས་འགན་དོན་འཁྱོལ་གནད་སྨིན་ཡོང་བར་སྐུལ་འདེད་གཏོང་བ། དུད་ཚང་དབུལ་པོའི་འདུ་ཤེས་ལ་རིམ་བཞིན་འགྱུར་ལྡོག་གཏོང་བ་དང་། མིག་རྒྱང་རིང་དུ་གཏོང་བ། ཕྱོགས་བསྡུས་བྱང་ཚད་མཐོ་རུ་གཏོང་བ་བཅས་བྱ་རྒྱུར་སྐུལ་ཁྲིད་བྱེད་པ། རང་ཉིད་ཀྱི་འབད་བརྩོན་ལ་བརྟེན་ནས་གང་མགྱོགས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་ཐུབ་པ་བྱེད་པའི་འཕེལ་རྒྱས་ཀྱི་ཧུར་སེམས་དང་རེ་བ་ཆེ་རུ་གཏོང་བ་བཅས་བྱས་ཏེ། དབུལ་སྒྲོལ་ཕྱུག་འགྱུར་དང་གོམ་པ་མཉམ་བགྲོད་ངང་འབྱོར་འབྲིང་ཕྱོགས་སུ་སྐྱོད་པའི་ལམ་བུའི་སྟེང་སྔར་ལས་ལེགས་པ་དང་། མྱུར་བ། བརྟན་པ་བཅས་ཡོང་བ་བྱ་རྒྱུ་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།