འཚོལ་བཤེར།   
藏文频道
2017ལོའི་ཟླ་4ཚེས་26ཉིན།
  • མི་དམངས་དྲ་བ།

    ༄༅།།ཉི་ཧོང་དང་། ཨ་རི། ལྷོ་ཁོ་རེ་ཡ་བཅས་རྒྱལ་ཁབ་གསུམ་གྱི་ཕྱོགས་དྲུག་གྲོལ་མོལ་ལ་ཞུགས་པའི་
    འཐུས་མི་ཚོས་གྲོས་བསྡུར་གནང་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 04ཚེས་26ཉིན། 15:13】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།ཉི་ཧོང་དང་། ཨ་རི། ལྷོ་ཁོ་རེ་ཡ་བཅས་རྒྱལ་ཁབ་གསུམ་གྱི་ཕྱོགས་དྲུག་གྲོལ་མོལ་ལ་ཞུགས་པའི་
འཐུས་མི་ཚོས་གྲོས་བསྡུར་གནང་བ།
          མི་དམངས་དྲ་བའི་འཕྲིན། ཟླ་4ཚེས་25ཉིན། ཉི་ཧོང་དང་། ཨ་རི། ལྷོ་ཁོ་རེ་ཡ་རྒྱལ་ཁབ་གསུམ་གྱི་བྱང་ཁོ་རེ་ཡའི་ཉིང་རྡུལ་མཚོན་ཆའི་གནད་དོན་སྐོར་གྱི་ཕྱོགས་དྲུག་གྲོལ་མོལ་ལ་ཞུགས་པའི་འཐུས་མི་ཚོས་ཉི་ཧོང་རྒྱལ་ཁབ་ཀྱི་རྒྱལ་ས་ཐོ་ཁེའོ་གྲོང་ཁྱེར་དུ་གྲོས་བསྡུར་གནང་ཞིང་། ཁོང་ཚོས་ཁོ་རེ་ཡ་གླིང་ཕྲན་ཕྱེད་མའི་གནད་དོན་ལ་ཐུན་མོང་ཐོག་ཁ་གཏད་དགོས་པའི་སྐོར་ལ་གྲོས་མོལ་བྱས་པ་རེད།
          ཉི་ཧོང་རྒྱལ་ཁབ་ཀྱི་ཕྱི་དོན་ཞིང་ཆེན་ཨེ་ཤ་ཡ་དང་རྒྱ་མཚོ་ཆེན་པོའི་གླིང་ཅུས་ཀྱི་ཅུས་ཀྲང་ཅིན་ཧྲན་ཞན་ཀྲི་དང་། ཨ་མེ་རི་ཁ་རྒྱལ་ཁབ་ཀྱི་རྒྱལ་དོན་ཁང་བྱང་ཁོ་རེ་ཡའི་སྲིད་ཇུས་དམིགས་བསལ་འཐུས་མི་དབྱི་རུའུ་ཧྲང་། ལྷོ་ཁོ་རེ་ཡ་རྒྱལ་ཁབ་ཀྱི་ཕྱི་འབྲེལ་པུའུ་ཡི་གླིང་ཕྲན་ཕྱེད་མའི་འབྲེལ་གཏུག་སྡེ་ཁག་གི་པུའུ་ཀྲང་ཅིན་ཧུང་ཅུན་བཅས་ཀྱིས་ཉིན་དེར་ཁོ་རེ་ཡ་གླིང་ཕྲན་ཕྱེད་མའི་གནད་དོན་སྐོར་ལ་གྲོས་བསྡུར་བྱས་པ་རེད།
          དབྱི་རུའུ་ཧྲང་གིས་ཚོགས་འདུ་མཇུག་བསྒྲིལ་རྗེས་ཀྱི་གསར་འགོད་པའི་ཚོགས་འདུའི་ཐོག་ཕྱོགས་གསུམ་པོ"མུ་མཐུད་ཕྱི་འབྲེལ་དང་། དམག་དོན། དཔལ་འབྱོར་བཅས་ཀྱི་ཕྱོགས་ནས་མཉམ་ལས་གཏིང་ཟབ་བྱ་རྒྱུར"མོས་མཐུན་བྱུང་ཡོད་ཅེས་བསྟན་པ་རེད།
          ཅིན་ཧྲན་ཞན་ཀྲིས་ཕྱོགས་གསུམ་ཀས་བྱང་ཁོ་རེ་ཡ་ཕྱོགས་ལ་རང་ཉིད་ཀྱི་བྱ་སྤྱོད་ཚོད་འཛིན་བྱེད་པའི་སྐུལ་མ་སྔར་ལས་ལྷག་པར་གཏོང་རྒྱུའི་ཐད་ངོས་འཛིན་གཅིག་མཐུན་བྱུང་ཞེས་བརྗོད་པ་རེད།
          ཅིན་ཧུང་ཅུན་གྱིས་ཕྱོགས་གསུམ་ནས་གལ་ཏེ་བྱང་ཁོ་རེ་ཡ་ཕྱོགས་ཀྱིས་འཁྲུག་རྐྱེན་སྔར་ལས་ལྷག་པ་སློང་སྐབས་བྱེད་ཐབས་གང་ལེགས་ཤིག་སྤེལ་བའི་གནད་དོན་སྐོར་ལ་གྲོས་མོལ་བྱས་ཡོད་ཅེས་བསྟན་པ་རེད།
          ཉི་ཧོང་རྒྱལ་ཁབ་ཀྱི་ཕྱི་དོན་བློན་ཆེན་ཨན་ཐིན་ཝེན་ཞོང་གིས་ཀྱང་ཉིན་དེར། གསར་འགོད་པའི་ཚོགས་འདུའི་ཐོག་ཏུ་ཉི་ཧོང་ཕྱོགས་ཀྱིས་ཉི་ཧོང་དང་ཨ་རི། ལྷོ་ཁོ་རེ་ཡ་ཕྱོགས་གསུམ་གྱིས་གྲོས་བསྡུར་བྱས་པའི་རྨང་གཞིའི་ཐོག་ཀྲུང་གོ་ཕྱོགས་ལ་བསམ་འཆར་བརྗེ་རེས་བྱེད་པའི་རེ་བ་ཡོད་ཅེས་བསྒྲགས་པ་རེད།
          ཉི་ཧོང་དང་། ཨ་རི། ལྷོ་ཁོ་རེ་ཡ་རྒྱལ་ཁབ་གསུམ་གྱི་བྱང་ཁོ་རེ་ཡའི་ཉིང་རྡུལ་མཚོན་ཆའི་གནད་དོན་སྐོར་གྱི་ཕྱོགས་དྲུག་གྲོས་མོལ་ལ་ཞུགས་པའི་འཐུས་མི་ཚོས་ཟླ་2པའི་ཟླ་མཇུག་ཏུ་ཨ་རིའི་རྒྱལ་ས་ཧྭ་ཧྲེང་ཐོན་དུ་གྲོས་བསྡུར་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།