འཚོལ་བཤེར།   
藏文频道
2017ལོའི་ཟླ་4ཚེས་25ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཀྱིས་བོད་ཤར་ལྷོ་བསྐོར་བའི་ཡུལ་སྐོར་ལམ་ཐིག་གཏོད་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 04ཚེས་25ཉིན། 12:04】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་4ཚེས་21ཉིན། ཉེ་དུས་བོད་ལྗོངས་ཀྱི་ལྷོ་ཁ་དང་། ལྷ་ས། ཉིང་ཁྲི་བཅས་གྲོང་ཁྱེར་གྱིས་སྐབས་དང་པོའི་བོད་ཤར་ལྷོ་བསྐོར་བའི་ཡུལ་སྐོར་འཐབ་ཇུས་མཉམ་ལས་བྱེད་སྒོ་སྤེལ་བ་དང་འབྲེལ། ས་ཁོངས་ཡུལ་སྐོར་འཐབ་ཇུས་མཉམ་ལས་ཀྱི་གྲོས་མཐུན་ལའང་མིང་རྟགས་བཀོད་ནས་མཉམ་ལས་ཟབ་མོ་བྱས་པ་བརྒྱུད། བོད་འདི་ཉིད་འཛམ་གླིང་ལ་གྲགས་ཆེ་བའི་ཡུལ་སྐོར་བྱ་ཡུལ་དུ་གཏོད་རྒྱུ་རེད།
         བོད་ཀྱི་ཡུལ་སྐོར་ཐོན་ཁུངས་ཕུན་སུམ་ཚོགས་ཤིང་། མིག་སྔར་ཡུལ་སྐོར་ལས་རིགས་ཀྱིས་བོད་ཀྱི་དཔལ་འབྱོར་ཕྱོགས་བསྡུས་ལ་ལེགས་སྐྱེས་ཕུལ་ཚད་30%ཟིན་ནས་བོད་ཀྱི་སྤྱི་ཚོགས་ཀྱི་མ་འཇོག་ཆེ་ས་དང་སྐུལ་ཁྲིད་རང་བཞིན་ཆེ་བའི་ཕྱོགས་བསྡུས་ཐོན་ལས་ཞིག་ཏུ་གྱུར་ཡོད། 2016ལོར་བོད་ཀྱིས་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བར་སྣེ་ལེན་བྱེད་ཚད་མི་ཐེངས་ཁྲི་2300ལས་བརྒལ་བ་དེ་དུས་མཚུངས་ལས་14.7%འཕར་ཡོད། ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར་330ཟིན་པ་དེ་དུས་མཚུངས་ལས་17%འཕར་ཡོད། དེ་དང་ཆབས་ཅིག འགྲིམ་འགྲུལ་དང་སྣེ་ལེན་ནུས་པ་སོགས་རྒྱུ་རྐྱེན་སྣ་ཚོགས་ཀྱི་རྐྱེན་པས་ཡུལ་སྐོར་འཕེལ་རྒྱས་དོ་སྙོམས་མེད་པའི་གནད་དོན་ལྷག་པར་བརྟེན་ས་ཁོངས་དབར་མཉམ་ལས་ཀྱི་མི་མངོན་པའི་གཏིང་ཤུགས་ཆེན་པོ་ལྡན་ཡོད།
         ལྷ་ས་དང་། ཉིང་ཁྲི། ལྷོ་ཁ་བཅས་གྲོང་ཁྱེར་གསུམ་ཕན་ཚུན་སྦྲེལ་བ་དང་རིག་གནས་ཀྱང་གཅིག་ཤུལ་གཅིག་འཛིན་ཡིན་པས་བོད་ཀྱི་ས་ཁོངས་ཧྲིལ་པོའི་ཡུལ་སྐོར་ཐོན་ཁུངས་ཕུན་སུམ་ཚོགས་ཤོས་དང་རིག་གནས་ཀྱི་ནང་དོན་གཏིང་ཟབ་ཤོས་ཀྱི་ས་ཁོངས་གྲས་ཤིག་ཡིན། བོད་ཤར་ལྷོའི་ས་ཁོངས་ཡུལ་སྐོར་མཉམ་ལས་སྔར་བས་གཏིང་ཟབ་ཏུ་གཏོང་བ་དང་ས་ཁོངས་ཡུལ་སྐོར་གྱི་མཉམ་ལས་འཕེལ་རྒྱས་ཆུ་ཚད་མཐོ་རུ་གཏོང་ཆེད་ས་ཆ་དེ་གསུམ་པོས་དམིགས་ཚད་གཅིག་གྱུར་དང་བྱ་སྤྱོད་མཐུན་སྦྱོར་གྱི་ཡུལ་སྐོར་མཉམ་ལས་ལམ་སྲོལ་འཛུགས་རྒྱུར་སྐུལ་འདེད་བཏང་སྟེ་བོད་ཤར་ལྷོ་བསྐོར་བའི་ཡུལ་སྐོར་ལམ་ཐིག་གི་དཔལ་འབྱོར་ཁུལ་གཏོད་རྒྱུ་དེས་བོད་ཀྱི་ས་ཁོངས་ཧྲིལ་པོའི་ཡུལ་སྐོར་ལ་སྐུལ་འདེད་གཏོང་རྒྱུར་ཉམས་མྱོང་བསགས་པ་མ་ཟད། བོད་ཀྱི་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ཀྱི་ཕྱོགས་སྒྱུར་རིམ་སྤོར་ལ་ཟམ་མི་ཆད་པར་སྐུལ་འདེད་གཏོང་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།