འཚོལ་བཤེར།   
藏文频道
2017ལོའི་ཟླ་4ཚེས་25ཉིན།
  • མི་དམངས་དྲ་བ།

    ༄༅།།པང་ཁོག་ཏུ་ཡོད་པའི་རྒྱ་ཁྲོམ་གསར་དུ་འཆར་འགོད་བྱ་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 04ཚེས་25ཉིན། 12:03】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་4ཚེས་19ཉིན་ཐེ་ལན་གྱི་རྒྱལ་སྲུང་པུའི་བུད་མེད་མགྲིན་ཚབ་པ་ཨན་ཕན་གྱིས་ཐེ་ལན་སྲིད་གཞུང་གིས་རྒྱལ་ས་པང་ཁོག་གི་རྒྱ་ཁྲོམ་དང་ཁའོ་ཧྲན་ལམ་གཉིས་མཉམ་དུ་གྲལ་སྟར་འགྲིག་ལ་གོ་རིམ་ལྡན་པའི་ཞིམ་ཟས་ཁྲོམ་གཞུང་ཞིག་ཏུ་བསྒྱུར་བཀོད་བྱ་རྩིས་ཡོད་ཅེས་ཕྱིར་བསྒྲགས་བྱས་པ་རེད།
         ཨན་ཕན་གྱིས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག“ལམ་ཟུར་དུ་སྔར་བཞིན་ཁྲོམ་བཀྱག་འཛུགས་ཆོག ཡིན་ནའང་སྦྱིན་བདག་ཚོས་ཁྲོམ་བཀྱག་འཆར་འགོད་དང་། བཟའ་བཅའ་ཐུམ་སྒྲིལ། འཕྲོད་བསྟེན་ཚད་གཞི་སོགས་ཐད་ཀྱི་ང་ཚོའི་བླང་བྱ་དང་ལེན་བྱེད་དགོས”ཞེས་བཤད་ཅིང་། ཁོང་གིས་དཔེར་ན་རྒྱ་ཁྲོམ་གྱི་ཁྲོམ་བཀྱག་དག་ཀྲུང་གོའི་ཁྱད་ཆོས་ལྡན་པ་ཞིག་ཏུ་འཆར་འགོད་བྱ་རྒྱུ་དང་ཁའོ་ཧྲན་ལམ་གྱི་ཁྲོམ་བཀྱག་དག་ཐེ་ལན་གྱི་ཁྱད་ཆོས་ལྡན་པ་ཞིག་ཏུ་འཆར་འགོད་བྱ་རྒྱུ་མ་ཟད། ད་དུང་ཁྲོམ་གཞུང་གཉིས་ཀྱི་བཟའ་བཅའ་འཚོང་མཁན་གྱིས་ཀྱང་གསོ་སྦྱོང་དང་ལེན་བྱེད་དགོས་པ་ལྟ་བུ་རེད། རྒྱ་ཁྲོམ་དང་ཁའོ་ཧྲན་ལམ་གཉིས་ནི་པང་ཁོག་དུ་སྐད་གྲགས་ཆེ་བའི་ཁྲོམ་གཞུང་ཞིག་ཡིན་པ་དང་དེ་གཉིས་ཀྱི་མཚན་ཁྲོམ་དུ་ཞིམ་ཟས་དང་ཚོང་ཟོག་ཙག་ཙིག་ཕུན་སུམ་ཚོགས་པ་ལས་སྐད་གྲགས་ཆོད་པ་ཞིག་ཡིན་ཞེས་བཤད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།