འཚོལ་བཤེར།   
藏文频道
2017ལོའི་ཟླ་4ཚེས་25ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོ་དང་ནེ་པ་ལས“དར་གོས་ལམ་བུའི”ཡུལ་སྐོར་མཉམ་ལས་ལ་ དཔྱད་བསྡུར་
    བྱས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 04ཚེས་25ཉིན། 11:22】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་4ཚེས་20ཉིན། ཀྲུང་གོའི་རྒྱལ་ཁབ་ཡུལ་སྐོར་ཅུས་དང་ནེ་པ་ལའི་ཀྲུང་གོ་བཟོ་ཚོང་ཚོགས་པས་ནེ་པ་ལའི་རྒྱལ་ས་ཀ་ཏ་མན་རྡུར“དར་གོས་ལམ་བུ”ཞེས་བརྗོད་དོན་གཙོ་བོར་བྱས་པའི་ཡུལ་སྐོར་སྤེལ་རེས་ཚོགས་འདུ་འཚོགས་ཏེ་ཕྱོགས་གཉིས་པོས་ཇི་ལྟར་བྱས་ནས“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོའི་འོག་རྒྱལ་ཁབ་གཉིས་པོའི་དབར་གྱི་ཡུལ་སྐོར་མཉམ་ལས་ལ་དེ་བས་ལེགས་པའི་ངང་སྐུལ་འདེད་གཏོང་རྒྱུའི་ཐད་དཔྱད་བསྡུར་བྱས་པ་རེད།
         ནེ་པ་ལའི་རིག་གནས་དང་། ཡུལ་སྐོར། དམངས་སྤྱོད་མཁའ་འགྲུལ་པུའི་པུའུ་ཀྲང་ཅིས་ལི་དང་ནེ་པ་ལར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཡུས་ཧུང་སོགས་སྲིད་གཞུང་གི་དཔོན་རིགས་ཀྱིས་ཤིས་ཚིག་སྒྲོན་སྐབས་ཀྲུང་གོ་དང་ནེ་པ་ལའི་རིག་གནས་ཡུལ་སྐོར་ཐོན་ཁུངས་ཕུན་སུམ་ཚོགས་པ་དང་རྒྱལ་ཁབ་གཉིས་པོར་ཡུལ་སྐོར་མཉམ་ལས་སྔར་བས་ཟབ་ཏུ་གཏོང་རྒྱུར་མི་མངོན་པའི་སྟོབས་ཤུགས་ཧ་ཅང་ཆེན་པོ་ཡོད་ཅེས་བཤད་པ་རེད།
         ནེ་པ་ལའི་ཀྲུང་གོ་བཟོ་ཚོང་ཚོགས་པའི་ཀྲུའུ་ཞི་ཧྲི་ལེ་སི་ཐ་ཡིས་གནམ་གྲུའི་ལན་གྲངས་ཉུང་བ་དང་གནམ་གྲུའི་སྤ་སེའི་རིན་གོང་མཐོ་བ་སོགས་རྒྱུ་རྐྱེན་གྱིས་རྒྱལ་ཁབ་གཉིས་པོའི་དམངས་ཚོགས་ཕན་ཚུན་དབར་སྤེལ་རེས་བྱ་རྒྱུར་འགོག་རྐྱེན་བཟོ་གི་ཡོད་ཅེས་བཤད། ཧྲི་ལེ་སི་ཐ་ཡིས་ཀ་ཏ་མན་རྡུ་ནས་ཀོང་ཀྲོའུ་བར་གྱི་ཐད་གཏོང་གནམ་གྲུའི་སྤ་སེ་དེ་ཀ་ཏ་མན་རྡུ་ནས་ཐེ་ལན་པང་ཁོག་བརྒྱུད་ཀོང་ཀྲོའུ་དུ་གཏོང་བའི་གནམ་གྲུའི་སྤ་སེ་དང་བསྡུར་ན་རིན་གོང་དེ་བས་མཐོ་བ་ཡོད་ཅེས་དཔེ་དྲངས་ཏེ་བཤད་པ་དང་། ཁོང་གིས་ཀ་ཏ་མན་རྡུ་ནས་ཧྲང་ཧའེ་དང་པེ་ཅིང་བར་གྱི་ཐད་གཏོང་གནམ་གྲུའི་ལན་གྲངས་གང་མགྱོགས་མང་དུ་གཏོང་རྒྱུའི་འབོད་སྐུལ་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།