འཚོལ་བཤེར།   
藏文频道
2017ལོའི་ཟླ་4ཚེས་18ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་སུ་ཕྱོགས་བསྡུས་རང་བཞིན་གྱི་དེབ་གྲོང་སྒོ་ཕྱེ་སྟེ་མགྲོན་པོ་བསུ་འགོ་ཚུགས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 04ཚེས་18ཉིན། 10:58】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།བོད་ལྗོངས་སུ་ཕྱོགས་བསྡུས་རང་བཞིན་གྱི་དེབ་གྲོང་སྒོ་ཕྱེ་སྟེ་མགྲོན་པོ་བསུ་འགོ་ཚུགས་པ།
         མི་དམངས་དྲ་བའི་འཕྲིན། ཟླ4ཚེས་15ཉིན། བོད་ལྗོངས་ཀྱི་སྒྲ་བརྙན་སྡེབ་ཚོང་ལྟེ་གནས་དང"རླུང་དར་དེབ་གྲོང"ལྷ་ས་གྲོང་ཁྱེར་དུ་དངོས་སུ་སྒོ་ཕྱེ་སྟེ་མགྲོན་པོ་བསུ་འགོ་ཚུགས་པ་རེད། དེབ་གྲོང་འདིས་བོད་ལྗོངས་ཀྱི་ཁྱད་ཆོས་ཟུང་འབྲེལ་བྱས་ནས། དཔེ་དེབ་སྒྲ་བརྙན་དང་བོད་ཀྱི་ཁྱད་ཆོས་ལྡན་པའི་རིག་གནས་ཡུལ་སྐོར་ཐོན་རྫས། བྱིས་པ་ཚོ་ཕན་ཚུན་སྐུལ་འདེད་ཉམས་ལེན་ཁུལ། གྲངས་གཞིའི་ཚན་རྩལ་ཉམས་ལེན་ཁུལ། མཁའ་གྲོང་ཁའོ་ཧྥེ་བཅས་ཟུང་འབྲེལ་བྱས་ཏེ། ཚན་རྩལ་དང་བློ་གྲོས་མཉམ་འདྲེས། དལ་ལྷོད་དང་མྱོང་ཚོར་མཉམ་སྐྱེས། སྲོལ་རྒྱུན་དང་དེང་རབས་ཚན་རིག་ཟུང་འབྲེལ་བཅས་ཀྱི་ནུས་པ་མང་ལྡན་གྱི་དེབ་གྲོང་ཞིག་འཛུགས་གཉེར་བྱེད་པར་གཞོལ་བཞིན་ཡོད་པ་རེད། གོང་གི་པར་རིས་ནི་དཔེ་དེབ་སྒྲ་བརྙན་དང་བོད་ལྗོངས་ཀྱི་ཁྱད་ཆོས་ལྡན་པའི་རིག་གནས་ཡུལ་སྐོར་ཐོན་རྫས་དང་གྲངས་གཞིའི་ཚན་རྩལ་ཉམས་ལེན་ཁུལ་སོགས་འདུས་པའི་དེབ་གྲོང་ཡིན་པ་རེད།
    དེབ་གྲོང་སྒོ་ཕྱེ་བའི་ཉིན་མོར་ལྷ་སའི་གྲོང་མི་དཔེ་དེབ་འདེམས་ཉོ་གནང་བར་ཕེབས་པ།
    དེབ་གྲོང་སྒོ་ཕྱེ་བའི་ཉིན་མོར་ལྷ་སའི་གྲོང་མི་དཔེ་དེབ་འདེམས་ཉོ་གནང་བར་ཕེབས་པ།
    དེབ་གྲོང་དུ་དཔེ་ཀློག་བྱེད་པར་ཡོང་བའི་གྲོགས་པོ་ཆུང་ཆུང་།
    དེབ་གྲོང་དུ་དཔེ་ཀློག་བྱེད་པར་ཡོང་བའི་གྲོགས་པོ་ཆུང་ཆུང་།
    རྩ་གཉིས་ཨང་རིས་བཤེར་ལེན་བརྒྱུད་ནས་རིན་མི་དགོས་པའི་དཔེ་དེབ་ལེན་བཞིན་པ།
    རྩ་གཉིས་ཨང་རིས་བཤེར་ལེན་བརྒྱུད་ནས་རིན་མི་དགོས་པའི་དཔེ་དེབ་ལེན་བཞིན་པ།
      

    ཕྱོགས་བསྡུས་གསར་འགྱུར།