འཚོལ་བཤེར།   
藏文频道
2017ལོའི་ཟླ་4ཚེས་25ཉིན།
  • མི་དམངས་དྲ་བ།

    ༄༅།།ཀོང་ཀྲོའུ་འདི་ཉིད"མཚོ་ཐོག་དར་གོས་ལམ་བུའི"ཤུལ་བཞག་རེ་ཞུའི་ལས་དོན་གྱི་སྣེ་ཁྲིད་
    གྲོང་ཁྱེར་ལ་བདམས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 04ཚེས་25ཉིན། 11:19】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་4ཚེས་23ཉིན། གཟའ་འཁོར་གོང་མར་རྒྱལ་ཁབ་རིག་དངོས་ཅུས་ཀྱིས་ཀོང་ཀྲོའུ་རུ་མཚོ་ཐོག་དར་གོས་ལམ་བུ་སྲུང་སྐྱོང་དང་ཤུལ་བཞག་རེ་ཞུའི་ལས་དོན་ཚོགས་འདུ་འཚོགས་པ་དང་། ད་རེས་ཀྱི་ཚོགས་འདུའི་གྲོས་རིམ་གཙོ་བོ་ནི་སླར་ཡང“མཚོ་ཐོག་དར་གོས་ལམ་བུའི”ཤུལ་བཞག་རེ་ཞུའི་ལས་དོན་གྱི་སྣེ་ཁྲིད་གྲོང་ཁྱེར་གདམ་རྒྱུ་དེ་ཡིན་པ་དང་། ཚོགས་ཞུགས་འཐུས་མིས་ཀོང་ཀྲོའུ་འདི་ཉིད་ཤུལ་བཞག་རེ་ཞུའི་ལས་དོན་གྱི་སྣེ་ཁྲིད་གྲོང་ཁྱེར་ལ་ཐུན་མོང་ཐོག་བདམས་པ་རེད། ཀོང་ཀྲོའུ་གྲོང་ཁྱེར་རིག་གནས་རླུང་འཕྲིན་གློག་བརྙན་བརྙན་འཕྲིན་དང་གསར་འགྱུར་དཔེ་སྐྲུན་ཅུས་ཀྱི་ཅུས་ཀྲང་འཐུས་མི་ལུའུ་ཀྲེ་ཆང་དང་ཚོགས་ཞུགས་འཐུས་མི་ཚོས་མཚོ་ཐོག་དར་གོས་ལམ་བུ་འཛམ་གླིང་རིག་གནས་ཤུལ་བཞག་ནང་རེ་ཞུ་བྱེད་པའི་ལས་དོན་ལ་མུ་མཐུད་སྐུལ་འདེད་གཏོང་རྒྱུའི་ཆོད་སེམས་མཚོན་པར་བྱས་པ་དང་། ཁོང་གིས་སྣེ་ཁྲིད་གྲོང་ཁྱེར་ཡིན་པའི་ཀོང་ཀྲོའུ་ཡིས་རྒྱལ་ཁབ་རིག་དངོས་ཅུས་ཀྱི་སྤྱི་འདོམས་བཀོད་སྒྲིག་འོག་སྤུན་ཟླའི་གྲོང་ཁྱེར་དང་མཐུན་སྒྲིལ་གྱིས་མཚོ་ཐོག་དར་གོས་ལམ་བུའི་ལོ་རྒྱུས་རྗེས་ཤུལ་ལ་སྲུང་སྐྱོང་དང་ཤུལ་བཞག་རེ་ཞུའི་ལས་དོན་ལ་ཐུན་མོང་ཐོག་སྐུལ་འདེད་གཏོང་འདོད་ཡོད་ཅེས་བརྗོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།