འཚོལ་བཤེར།   
藏文频道
2017ལོའི་ཟླ་4ཚེས་25ཉིན།
  • མི་དམངས་དྲ་བ།

    ༄༅།།ཧ་སག་སི་ཐན་གྱི་རྒྱལ་སྤྱིའི་ཡུལ་སྐོར་འགྲེམས་ཚོཌ་ཐོག་ཀྲུང་གོའི་འགྲེམས་སྟེགས་ལ་དོ་
    ཁུར་ཐོབ་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 04ཚེས་25ཉིན། 12:00】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
          མི་དམངས་དྲ་བའི་འཕྲིན། ཟླ་4ཚེས་22ཉིན་གློག་འཕྲིན་འབྱོར་གསལ། ཚེས་21ཉིན་ཧ་སག་སི་ཐན་གྱི་རྒྱལ་སྤྱིའི་ཡུལ་སྐོར་འགྲེམས་ཚོགས་དེ་ཧ་སག་སི་ཐན་གྱི་གྲོང་ཁྱེར་ཆེ་ཤོས་ཨ་ལཱ་མུའུ་ཐུའུ་རུ་འགོ་ཚུགས་ཤིང་། “ཀྲུང་ཧའི་ཡུལ་སྐོར་ལོ”བརྗོད་དོན་གཙོ་བོར་བྱས་པའི་ཀྲུང་གོའི་ཡུལ་སྐོར་གྱི་བརྗོད་དོན་གཙོ་བོའི་འགྲེམས་སྟེགས་དེ་འགྲེམས་ཚོགས་ཐོག་བཤམས་པར་ཧ་སག་སི་ཐན་ཡུལ་སྐོར་ལས་རིགས་དང་ས་གནས་དེ་གའི་མང་ཚོགས་ཚོའི་དོ་ཁུར་ཆེན་པོ་ཐོབ་ཡོད།
         ཧ་སག་སི་ཐན་གྱི་རྒྱལ་སྤྱིའི་ཡུལ་སྐོར་འགྲེམས་ཚོགས་ནི་ཧ་སག་སི་ཐན་དང་ཐ་ན་ཨེ་ཤེ་ཡ་དབུས་མའི་ཁུལ་གྱི་གཞི་ཁྱོན་ཆེ་ཤོས་དང་ལས་རིགས་ཁྲོད་ཤུགས་རྐྱེན་ཆེ་ཤོས་ཀྱི་ཡུལ་སྐོར་འགྲེམས་ཚོགས་ཤིག་རེད། ཀྲུང་གོའི་རྒྱལ་ཁབ་ཡུལ་སྐོར་ཅུས་ཀྱིས་ཧའེ་ནན་དང་། ཤིན་ཅང་སོགས་ཞིང་ཆེན་(རང་སྐྱོང་ལྗོངས་)གྱི་ཡུལ་སྐོར་སྡེ་ཚན། མཁའ་འགྲུལ་ཀུང་སི། ཡུལ་སྐོར་ལས་དོན་ཁང་སོགས་ཚན་པ་20ལྷག་འགྲེམས་ཚོགས་ནང་ཞུགས་རྒྱུའི་སྒྲིག་འཛུགས་བྱས་ནས། ཧ་སག་སི་ཐན་ཡུལ་སྐོར་ལས་རིགས་དང་མང་ཚོགས་ལ་ཀྲུང་གོའི་ཡུལ་སྐོར་ལམ་ཐིག་དང་ཐོན་ཟོག་འོས་སྦྱོར་ཤུགས་ཆེན་བྱས་པ་རེད། ཀྲུང་གོའི་ཡུལ་སྐོར་འགྲེམས་སྟེགས་ཐོག“2017—ཀྲུང་ཧའི་ཡུལ་སྐོར་ལོ”བརྗོད་དོན་གཙོ་བོར་བྱས་ནས“གནམ་སྒོར་མོ་དང་ས་གྲུ་བཞིའི”ཀྲུང་གོའི་སྲོལ་རྒྱུན་འཆར་འགོད་ཀྱིས་མ་ཕྱི་བྱས་པ་མ་ཟད། ཧ་སག་སི་ཐན་དུ“བསམ་ཚོད་ལས་འདས་པའི་ཀྲུང་གོ”ཞེས་པའི་དྲིལ་བསྒྲགས་འབོད་ཚིག་ཀྱང་ཐོག་མར་བཏོན་པ་རེད།
         མོ་སི་ཁོར་བཅའ་སྡོད་རྒྱལ་ཁབ་ཡུལ་སྐོར་ཅུས་དོན་གཅོད་ཁྲུའུ་ཡི་ཀྲུའུ་རེན་ཀྲའོ་ཧུང་ཆིང་གིས་ངོ་སྤྲོད་བྱས་དོན། “ཀྲུང་ཧའི་ཡུལ་སྐོར་ལོའི”ལེ་ལག་གི་བྱེད་སྒོ་ཞིག་ཡིན་པའི་ངོས་ནས་ད་ཐེངས་ཀྲུང་གོའི་འགྲེམས་སྟོན་ཚོགས་པས་ཧ་སག་སི་ཐན་དུ“དར་གོས་ལམ་བུ་བསྐོར་བ”དང“ཉི་འོད་ལྡན་པའི་ཧའེ་ནན”སོགས་ཧ་སག་སི་ཐན་གྱི་ཁྲོམ་རའི་ཁྱད་ཆོས་ལ་དམིགས་ནས་ཀྲུང་གོའི་ཡུལ་སྐོར་སྤུས་རྟགས་བཤམས་པ་རེད། ད་ཐེངས་ཀྱི་འགྲེམས་ཚོགས་རིང་ཀྲུང་གོའི་འགྲེམས་སྟེགས་སུ་མང་ཚོགས་ལྟ་སྐོར་བ་མི་ཐེངས་ཁྲི་4ལས་བརྒལ་ཡོད། འགྲེམས་ཚོགས་རིང་ཀྲུང་གོའི་ཡུལ་སྐོར་མཚན་ཚོགས་འཚོགས་པ་དང་ཧ་སག་སི་ཐན་ཡུལ་སྐོར་ལས་རིགས་ཀྱི་ཆེད་ལས་མི་སྣ་200ལྷག་འོས་སྦྱོར་ཚོགས་འདུར་ཞུགས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།