འཚོལ་བཤེར།   
藏文频道
2017ལོའི་ཟླ་4ཚེས་25ཉིན།
  • མི་དམངས་དྲ་བ།

    ༄༅།།པར་ཙིར་ལི་གཡོད་དུ་བཅའ་སྡོད་ཀྲུང་གོའི་སྤྱི་ཁྱབ་ཁེ་སྐྱོང་ལས་ཤག་གིས་ཁེ་སྐྱོང་སྲུང་སྐྱོབ་
    འབྲེལ་གཏུག་པའི་ལམ་སྲོལ་དངོས་སུ་བཙུགས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 04ཚེས་25ཉིན། 12:02】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
          མི་དམངས་དྲ་བའི་འཕྲིན། ཟླ་4ཚེས་22ཉིན་གློག་འཕྲིན་འབྱོར་བ་གཞིར་བཟུང་། ཚེས་22ཉིན་ལི་གཡོད་རེ་ནེ་ལུའུ་རུ་བཅའ་སྡོད་ཀྲུང་གོའི་སྤྱི་ཁྱབ་ཁེ་སྐྱོང་ལས་ཤག་གིས་ཁེ་སྐྱོང་སྲུང་སྐྱོབ་འབྲེལ་གཏུག་པའི་ལམ་སྲོལ་དངོས་སུ་བཙུགས་ཏེ་ས་ཆ་དེ་གའི་ཕྱིར་སྡོད་རང་མིའི་གཞོགས་འདེགས་འོག་གཞུང་ཚབ་ཁང་དང་ཁེ་སྐྱོང་ལས་ཤག་གི་ཁེ་སྐྱོང་སྲུང་སྐྱོབ་ལས་ཀ་ལེགས་གྲུབ་དང་ཁེ་སྐྱོང་སྲུང་སྐྱོབ་སྟོབས་ཤུགས་ལ་ཤུགས་སྣོན་རྒྱག་རྒྱུ་ཡིན་པ་རེད།
         འགོ་ཚུགས་མཛད་སྒོའི་ཐོག་ལི་གཡོད་དུ་བཅའ་སྡོད་ཀྲུང་གོའི་སྤྱི་ཁྱབ་ཁེ་སྐྱོང་ལས་ཤག་གིས་ལི་གཡོད་ཁོངས་གཏོགས་ཁུལ་གྱི་ཁེ་སྐྱོང་སྲུང་སྐྱོབ་འབྲེལ་གཏུག་པ་18ལ་གདན་ཞུའི་ཡི་གེ་སྤྲད་ཡོད། ཁེ་སྐྱོང་སྲུང་སྐྱོབ་འབྲེལ་གཏུག་པ་དེ་དག་ཁོངས་གཏོགས་ཁུལ་གྱི་ཕྱིར་སྡོད་རང་མིའི་ཚོགས་པ་ཆེ་གྲས་དྲུག་དང་། ཀྲུང་གོས་མ་རྩ་བཏང་བའི་ཁེ་ལས། རིག་གནས་སློབ་གསོ་སྒྲིག་གཞི་བཅས་ནས་ཡོང་བ་ཞིག་ཡིན་པ་དང་ཁོང་ཚོའི་ལས་འགན་ནི་གཞུང་ཚབ་ཆེ་མོ་ཁང་དང་ཁེ་སྐྱོང་ལས་ཤག་ལ་གཞོགས་འདེགས་བྱས་ཏེ་ས་ཆ་དེར་ཀྲུང་གོའི་སྤྱི་དམངས་རྐྱེན་ལམ་དུ་སོང་བ་དང་། རྨས་སྐྱོན་ཕོག་པ། དཀའ་ཉེན་གྱི་གནས་སུ་གྱར་བ་སོགས་ཀྱི་ཆ་འཕྲིན་རག་ཐབས་བྱེད་པ་དང་། གཞུང་ཚབ་ཆེ་མོ་ཁང་དང་ཁེ་སྐྱོང་ལས་ཤག་གི་ཚབ་བྱས་ཏེ་འཚམས་འདྲི་དང་ལྟ་བ་སོགས་བྱེད་པ་མ་ཟད། ས་ཆ་དེ་གའི་འབྲེལ་ཡོད་སྒྲིག་གཞི་དང་སྡེ་ཚན་དང་མཉམ་དུ་གཞུང་ཚབ་ཁང་དང་ཁེ་སྐྱོང་ལས་ཤག་ལ་འབྲེལ་གཏུག་དང་གཞོགས་འདེགས་བྱས་ཏེ་ཁེ་སྐྱོང་བ་ཐུག་འཕྲད་སོགས་བཀོད་སྒྲིག་བྱས་ནས་ཀྲུང་གོའི་སྤྱི་དམངས་ལ་ནུས་པས་ལྕོགས་ཚོད་ཀྱི་རོགས་རམ་བྱ་རྒྱུ་དེ་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།