འཚོལ་བཤེར།   
藏文频道
2017ལོའི་ཟླ་4ཚེས་25ཉིན།
  • མི་དམངས་དྲ་བ།

    ༄༅།།འཇར་མན་གྱི་ནོར་སྲིད་པུའི་པུའུ་ཀྲང་གིས་རང་མོས་ཉོ་ཚོང་བྱུང་ན་གོ་ལ་ཧྲིལ་པོའི་དཔལ་
    འབྱོར་འཕར་རྒྱུར་སྐུལ་འདེད་སྔར་བས་ཡག་པོ་གཏོང་ཐུབ་ཅེས་གསུངས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 04ཚེས་25ཉིན། 11:57】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་4ཚེས་23ཉིན། འཇར་མན་གྱི་ནོར་སྲིད་པུའི་པུའུ་ཀྲང་ཧྲུའོ་དབྱི་པུའུ་ལེ་རྒྱལ་ཁབ་ཉི་ཤུ་ཚོགས་པ(G20)ཡི་ནོར་སྲིད་པུའི་པུའུ་ཀྲང་དང་ཀྲུང་དབྱང་དངུལ་ཁང་གི་ཧང་ཀྲང་གི་ཚོགས་འདུར་ཕེབས་རྗེས་ཁོང་གིས་རྒྱལ་ཁབ་ཉི་ཤུ་ཚོགས་པས་རང་མོས་ཉོ་ཚོང་བྱུང་ན་གོ་ལ་ཧྲིལ་པོའི་དཔལ་འབྱོར་འཕར་རྒྱུར་སྐུལ་འདེད་སྔར་ལས་ཡག་པ་གཏོང་ཐུབ་པའི་ངོས་འཛིན་ཡོངས་ཁྱབ་ཏུ་བྱེད་ཀྱི་ཡོད་ཅེས་གསུངས་པ་རེད།
         རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩ་རྩ་འཛུགས(IMF)དང་འཛམ་གླིང་དངུལ་ཁང་གི་དཔྱིད་དུས་ལོ་ཚོགས་རིང་ཧྲུའོ་དབྱི་པུའུ་ལེ་ཡིས་G20ཡི་ནོར་སྲིད་པུའི་པུའུ་ཀྲང་དང་ཀྲུང་དབྱང་དངུལ་ཁང་གི་ཧང་ཀྲང་གི་ཚོགས་འདུ་གྲོལ་རྗེས་འཚོགས་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་G20ཡི་ཁོངས་མིས་སྲུང་སྐྱོང་རིང་ལུགས་ལག་བསྟར་བྱས་ན་གོ་ལ་ཧྲིལ་པོའི་དཔལ་འབྱོར་ལ་གནོད་སྐྱོན་བཟོ་རྒྱུ་ཡིན་རུང་རང་མོས་ཉོ་ཚོང་བྱུང་ན་གོ་ལ་ཧྲིལ་པོའི་དཔལ་འབྱོར་འཕར་རྒྱུར་སྐུལ་འདེད་སྔར་ལས་ཡག་པ་གཏོང་ཐུབ་པའི་ངོས་འཛིན་ཡོངས་ཁྱབ་ཏུ་བྱེད་ཀྱི་ཡོད་ཅེས་གསུངས་ཤིང་། ཧྲུའོ་དབྱི་པུའུ་ལེ་ཡིས་G20ཡི་ཁོངས་མིས་བྱེད་ཐབས་སྤྱད་དེ་བསྟུན་མཁས་རང་བཞིན་ཆེ་རུ་འགྲོ་རྒྱུར་སྐུལ་འདེད་བཏང་ནས་སྲུང་སྐྱོང་རིང་ལུགས་ཀྱི་རྣམ་པ་སླར་ཡང་མ་ཐོན་སྔོན་འགོག་བྱ་རྒྱུའི་མོས་མཐུན་བྱས་ཡོད་ཅེས་གསུངས་པ་རེད།
         འཇར་མན་རྒྱལ་ཕྲན་མཉམ་འབྲེལ་དངུལ་ཁང་(འཇར་མན་ཀྲུང་དབྱང་དངུལ་ཁང་)གི་ཧང་ཀྲང་ཝེ་ཏེ་མན་གྱིས་ཉིན་དེར་འཚོགས་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་G20ཡི་ཁོངས་མི་མང་ཆེ་བས་སྒོ་དབྱེའི་ཁྲོམ་ར་དང་རང་མོས་ཁྲོམ་རའི་འཇུག་འཐུས་ཀྱི་གལ་ཆེན་རང་བཞིན་ནན་བཤད་བྱས་ཡོད། དེ་ནི་ད་ཐེངས་ཀྱི་ཚོགས་འདུའི་ཐོག་ངོས་འཛིན་གཅིག་མཐུན་བྱུང་བའི་གྲས་ཤིག་ཡིན་ཞེས་གསུངས་ཤིང་། ཝེ་ཏེ་མན་གྱིས་རྒྱུན་གཏན་རྣམ་གྲངས་ཀྱི་གནད་དོན་ཐག་གཅོད་བྱ་རྒྱུའི་སྐོར་བགྲོ་གླེང་བྱེད་སྐབས་རྒྱལ་ཁབ་ཁག་གི་ནོར་སྲིད་པུའི་པུའུ་ཀྲང་གིས་ཁྲོམ་རའི་སྒོ་མོ་དེ་བས་ཕྱེ་བ་ལས་ཚོང་དོན་མཁར་རྫོང་མང་པོ་འཛུགས་མི་རུང་བའི་མོས་མཐུན་བྱས་ཡོད་ཅེས་གསུངས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།