འཚོལ་བཤེར།   
藏文频道
2017ལོའི་ཟླ་4ཚེས་25ཉིན།
  • མི་དམངས་དྲ་བ།

    ༄༅།།ཀན་སུའུ་ཞིང་ཆེན་གྱིས་པེ་ཅིང་དུ་འཛམ་གླིང་གི་ཁེ་ལས་སྟོབས་ཆེན་500དང་འབྲེལ་
    མཐུད་སྤེལ་རེས་བྱས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 04ཚེས་25ཉིན། 11:06】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་4ཚེས་18ཉིན། ཀན་སུའུ་ཞིང་ཆེན་མི་དམངས་སྲིད་གཞུང་གིས་གཙོ་གཉེར་བྱས་པའི་འཛམ་གླིང་གི་ཁེ་ལས་སྟོབས་ཆེན་500ཀན་སུའུ་ཞིང་ཆེན་གྱི་ཁྲོམ་རར་ཞུགས་རྒྱུའི་འབྲེལ་མཐུད་སྤེལ་རེས་ཚོགས་འདུ་འཚོགས་ཤིང་། འཛམ་གླིང་གི་ཁེ་ལས་སྟོབས་ཆེན་500ཕུད་ཀྲུང་གོའི་ཁེ་ལས་སྟོབས་ཆེན་500དང་། དམངས་གཉེར་ཁེ་ལས་སྟོབས་ཆེན་500སོགས་ཀྲུང་གོ་དང་ཕྱི་རྒྱལ་གྱི་གྲགས་ཅན་ཁེ་ལས་100དང་། རྒྱལ་སྒྲོལ་དང་ཀྲུང་གོར་བཅའ་སྡོད་ཕྱི་རྒྱལ་གྱི་གཞུང་ཚབ་ཆེ་མོའི་སྒྲིག་གཞི་15སོགས་ལས་རིགས་ཁག་གི་མི་སྣ་ད་ཐེངས་ཀྱི་ཚོགས་འདུར་ཞུགས་ཡོད་པ་རེད།
         གསར་འགོད་པས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱས་པར་གཞིགས་ན། ཀན་སུའུ་ཞིང་ཆེན་གྱིས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་དང“ནུབ་ཕྱོགས་སྒོ་འབྱེད”ལས་སྟེགས་སོགས་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱས་པ་དང་བསྟུན་ནས། ཐོན་ཁུངས་དང་མ་རྩའི་ལེགས་ཆ་ལྡན་པའི་སྐམ་ས་ཆེ་མོའི་ཞིང་ཆེན་ཞིག་ཡིན་པའི་ཀན་སུའུ་འདི་ཉིད་དར་གོས་ལམ་བུའི་དཔལ་འབྱོར་རྒྱུད་ཀྱི“མདུན་ཕྱོགས་སུ་སྒོ་མོ་འབྱེད་པ”དང་ཐོན་ལས་མ་འཇོག་གི“རིན་ཐང་ལྡན་པའི་ས་ཁུལ”ཞིག་ཏུ་འགྱུར་བཞིན་ཡོད་པ་རེད།
         ཀན་སུའུ་ཞིང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ལས་ཚབ་ཧྲེང་ཀྲང་ཐང་རེན་ཅན་ད་རེས་ཀྱི་ཚོགས་འདུར་ཕེབས་པ་མ་ཟད་གསུང་བཤད་ཀྱང་གནང་ཞིང་། ཁོང་གིས་སྲིད་གཞུང་དང་ཚོང་ལས་འབྲེལ་བ་གང་མགྱོགས་བཙུགས་ཏེ་ཁེ་ལས་འཕེལ་རྒྱས་གཏོང་རྒྱུར་ལྷག་བསམ་ཟོལ་མེད་ངང་སྟབས་བདེ་སྐྲུན་པ་དང་སེམས་ཁྲལ་དང་དཀའ་ངལ་སེལ་བ་དང་ཆབས་ཅིག་དངོས་ཡོད་སྟོབས་ཤུགས་ལྡན་པའི་ཁེ་ལས་དང་གྲགས་ཅན་སྤུས་རྟགས་ཀྱིས་ཀན་སུའུ་ཡི་སྤུས་ལེགས་ཐོན་ཁུངས་ཀྱི་མཐོ་ས་དང་འབྲེལ་མཐུད་བྱ་རྒྱུར་སྐུལ་ལྕག་དང་རྒྱབ་སྐྱོར་བྱས་ཏེ། ཀན་སུའུ་ཡི་ལེགས་ལྡན་དང་ཁྱད་ལྡན་ཐོན་རྫས་ཀྱི་སྤུས་རྟགས་གཏོད་པ་དང་གནས་རིམ་མཐོ་རུ་གཏོང་རྒྱུར་སྐུལ་མ་གཏོང་བ་དང་རྒྱལ་སྤྱིའི་ཁྲོམ་རའི་འགྲན་རྩོད་ནུས་པ་ཆེ་རུ་བཏང་ནས་མཉམ་ལས་གཉིས་ཕན་མངོན་འགྱུར་ཡོང་བ་བྱེད་དགོས་ཞེས་ཁ་གསལ་བསྟན་གནང་བ་རེད།
         ཀན་སུའུ་ནི་དར་གོས་ལམ་བུའི་དཔལ་འབྱོར་རྒྱུད་ཀྱི་དུམ་བུ་གལ་ཆེན་ཞིག་དང་ཡོ་རོབ་དང་ཨེ་ཤེ་ཡ་སྐམ་ས་ཆེན་པོའི་ཟམ་པ་དང་སྦྲེལ་བའི་འཐབ་ཇུས་བགྲོད་ལམ་དང་། ལྷོ་ནུབ་དང་ནུབ་བྱང་དང་སྦྲེལ་བའི་འགྲིམ་འགྲུལ་ལྟེ་གནས་ཤིག་རེད་ལ། རྒྱལ་ཡོངས་ཀྱི་གལ་ཆེའི་ནུས་རྒྱུ་གསར་པའི་རྟེན་གཞི་དང་། མདོག་ལྡན་ལྕགས་ཞུའི་རྒྱུ་ཆ་གསར་པའི་རྟེན་གཞི། ཁྱད་ལྡན་ཞིང་ལས་ཐོན་རྫས་ཐོན་སྐྱེད་དང་ལས་སྣོན་རྟེན་གཞི་བཅས་ཀྱང་རེད། ནུབ་རྒྱུད་ཐོན་འབྱེད་ཆེ་མོ་གསར་སྤེལ་དང་དབུས་ཤར་རྒྱུད་ཀྱི་ཐོན་ལས་སྤོ་སྒྱུར་བྱས་པ་དང་བསྟུན་ནས། ཀན་སུའུ་ཞིང་ཆེན་གྱི་རྡོ་སྣུམ་རྫས་འགྱུར་བཟོ་ལས་དང་། མདོག་ལྡན་ལྕགས་ཞུ། སྒྲིག་ཆས་བཟོ་སྐྲུན་སོགས་སྲོལ་རྒྱུན་ཐོན་ལས་སྦྲེལ་ཐག་སྔར་བས་སྣུར་སྲིང་ཐུབ་ནས་རྗེས་ལུས་ཀྱི་ལེ་ལག་ཚང་སྒྲིག་གི་ཐོན་ལས་ཀྱི་དགོས་མཁོ་སྔར་བས་ཆེ་རུ་ཕྱིན་པ་དང་གཙོ་ཁྲིད་ཐོན་ལས་ཀྱི་གཅིག་སྡུད་ནུས་པ་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།