འཚོལ་བཤེར།   
藏文频道
2017ལོའི་ཟླ་4ཚེས་24ཉིན།
  • མི་དམངས་དྲ་བ།

    ༄༅།།“འཐབ་ཇུས་ཀྱི་ཆ་འཕྲིན་བརྒྱུད་སྤྲོད”བྱེད་པའི་ཨུ་རུ་སུའི་དམག་འཐབ་གནམ་གྲུ་
    ཡིས་ཨ་རི་ལ“མྱུལ་ཞིབ”ཉིན་4ལ་ཐེངས་4བྱས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 04ཚེས་24ཉིན། 14:19】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།“འཐབ་ཇུས་ཀྱི་ཆ་འཕྲིན་བརྒྱུད་སྤྲོད”བྱེད་པའི་ཨུ་རུ་སུའི་དམག་འཐབ་གནམ་གྲུ་
ཡིས་ཨ་རི་ལ“མྱུལ་ཞིབ”ཉིན་4ལ་ཐེངས་4བྱས་པ།
         མི་དམངས་དྲ་བའི་འཕྲིན། ཟླ་4ཚེས་21ཉིན་ཨ་རིའི་དམག་ཕྱོགས་ཀྱི་དཔོན་པོ་ཞིག་གིས་ཨུ་རུ་སུའི་མཁའ་དམག་གི་དམག་འཐབ་གནམ་གྲུ་ཉིན་4རིང་ཨ་རིའི་ཨ་ལ་སི་ཅ་ཀྲོའུ་ཉེ་འགྲམ་གྱི་སྤྱི་པའི་རྒྱ་མཚོའི་མཁའ་དབྱིངས་སུ་ཐེངས་4འཕུར་ཡོང་བས་ཨ་རིའི་ཕྱོགས་ཀྱིས་དམག་འཐབ་གནམ་གྲུ་བཏང་ནས་རྗེས་སྙེགས་ལྟ་ཞིབ་བྱས་ཡོད་ཅེས་བརྗོད་པ་རེད།
       ཚེས་17ཉིན་ཨུ་རུ་སུའི་ཕྱོགས་ཀྱི་མདེལ་དབྱུག་གནམ་གྲུ་གཉིས་ཨ་ལ་སི་ཅ་ཀྲོའུ་ཡི་ཁོ་ཏི་ཡ་ཁེ་གླིང་ཕྲན་དང་བར་ཐག་སྤྱི་ལེ་ཧ་ལམ་160ཡོད་པའི་མཁའ་དབྱིངས་སུ་འཕུར་ཡོང་བས། ཨ་རི་ཕྱོགས་ཀྱིས་F—22རྟགས་ཅན་གྱི་གནམ་གྲུ་བཏང་ནས་རྗེས་སྙེགས་ལྟ་ཞིབ་བྱས་པ་དང་། ཆུ་ཚོད་24ཟིན་མེད་པའི་དུས་ནང་ཨུ་རུ་སུའི་ཕྱོགས་ཀྱི་མདེའུ་དབྱུག་གནམ་གྲུ་གཉིས་སླར་ཨ་ལ་སི་ཅ་དང་བར་ཐག་སྤྱི་ལེ་65ཡོད་པའི་མཁའ་དབྱིངས་སུ་འཕུར་ཡོང་བས། ཨ་རིའི་ཕྱོགས་ཀྱིས་སླར་དམག་འཐབ་གནམ་གྲུ་བཏང་ནས་རྗེས་སྙེགས་ལྟ་ཞིབ་བྱས་པ་རེད།
         ཚེས་19ཉིན་ཨུ་རུ་སུ་རྒྱལ་སྲུང་པུའུ་ཡིས་ར་སྤྲོད་བྱས་ནས་ཐུའུ་-95MS རྟགས་ཅན་གྱི་འཐབ་ཇུས་མདེའུ་དབྱུག་གནམ་གྲུ་གཉིས་ཚེས་17ཉིན་ཨུ་རུ་སུའི་རྒྱང་ཤར་ས་ཁུལ་གྱི་ཨ་མོར་ཀྲོའུ་མཁའ་དམག་རྟེན་གཞི་ནས་འཕུར་ཏེ་མཁའ་ཐོག་སྐོར་གཡེང་ལས་འགན་སྒྲུབ་པར་སྐྱོད་སྐབས། ཨ་རིའི་ཨ་ལ་སི་ཅ་ཡི་ཉེ་འཁོར་གྱི་སྤྱི་པའི་རྒྱ་མཚོའི་མཁའ་དབྱིངས་སུ་ཨ་རིའི་དམག་དཔུང་གི་F-22རྟགས་ཅན་གྱི་ཡིབ་སྐུང་དམག་འཐབ་གནམ་གྲུ་གཉིས་ཀྱིས་རྫེས་སྙེགས་སྐར་མ་27བྱས་པ་རེད་ཅེས་བརྗོད་པ་རེད།
    ༄༅།།“འཐབ་ཇུས་ཀྱི་ཆ་འཕྲིན་བརྒྱུད་སྤྲོད”བྱེད་པའི་ཨུ་རུ་སུའི་དམག་འཐབ་གནམ་གྲུ་
ཡིས་ཨ་རི་ལ“མྱུལ་ཞིབ”ཉིན་4ལ་ཐེངས་4བྱས་པ།
      

    ཕྱོགས་བསྡུས་གསར་འགྱུར།