འཚོལ་བཤེར།   
藏文频道
2017ལོའི་ཟླ་4ཚེས་24ཉིན།
  • མི་དམངས་དྲ་བ།

    ༄༅།།རིམ་རྩིས་བྱས་ན་དངུལ་ཁང་མཉམ་འབྲེལ་གཱ་གོ་ལ་ཧྲིལ་པོར་འགྲེམས་ཚད་དུང་ཕྱུར་60
    ལས་བརྒལ་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 04ཚེས་24ཉིན། 13:31】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཉིན་ཤས་གོང་ཀྲུང་གོ་དངུལ་ཁང་མཉམ་འབྲེལ་གཱ་རྩ་འཛུགས་ཀྱིས་ཡོངས་བསྒྲགས་བྱས་པའི་《ཀྲུང་གོ་དངུལ་ཁང་གཱ་ཐོན་ལས་འཕེལ་རྒྱས་སྐོར་གྱི་སྙན་ཞུ(2017)》ལས་མངོན་པར། 2016ལོར་ཀྲུང་གོ་དངུལ་ཁང་མཉམ་འབྲེལ་གཱ་རྩ་འཛུགས་ཀྱིས་དྲ་རྒྱ་བརྒྱུད་སྐུར་ལེན་ཉོ་ཚོང་བྱས་འབོར་སྒོར་ཁྲི་དུང་ཕྱུར་72.9ཟིན་ཡོད། དངུལ་ཁང་གཱ་སྤྲོད་པ་དང་བདག་སྤྲོད་བྱེད་པའི་གཞི་རྒྱ་སྔར་བས་ཆེ་རུ་ཕྱིན་པས། རིམ་རྩིས་བྱས་ན་དངུལ་འབྲེལ་གཱ་གོ་ལ་ཧྲིལ་པོར་འགྲེམས་ཚད་དུང་ཕྱུར་60ལས་བརྒལ་བ་དང་། གོ་ལ་ཧྲིལ་པོའི་བདག་སྤྲོད་དྲ་རྒྱ་རྒྱལ་ཁབ་དང་ས་ཁུལ་160བར་སྣུར་བསྲིང་བྱས་པ། ཚོང་དུད་ཁྲི་4000ལྷག་ཙམ་ལ་ཁྱབ་པ། ATMཁྲི་220ལྷག་ཙམ་ལས་བརྒལ་བ། གཱ་སྤྱོད་པའི་གནས་ཐང་འཕར་མའི་ཞབས་ཞུ་རྒྱུན་ཆད་མེད་པར་ཕུན་སུམ་ཚོགས་སུ་ཕྱིན་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།