འཚོལ་བཤེར།   
藏文频道
2017ལོའི་ཟླ་4ཚེས་14ཉིན།
  • མི་དམངས་དྲ་བ།

    ༄༅།།ལྷོ་ཁ་གྲོང་ཁྱེར་གྱི"སྣང་ཆེན་བཞི་དང་དགའ་ཞེན་བཞིའི"བརྗོད་གཞི་གཙོ་བོ་བྱེད་པའི་
    སློབ་གསོ་ལག་ལེན་བྱེད་སྒོ་ཏན་ཏིག་སྤེལ་འགོ་ཚུགས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 04ཚེས་14ཉིན། 10:45】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།ལྷོ་ཁ་གྲོང་ཁྱེར་གྱི'སྣང་ཆེན་བཞི་དང་དགའ་ཞེན་བཞིའི'བརྗོད་གཞི་གཙོ་བོ་བྱེད་པའི་
སློབ་གསོ་ལག་ལེན་བྱེད་སྒོ་ཏན་ཏིག་སྤེལ་འགོ་ཚུགས་པ།
         མི་དམངས་དྲ་བའི་འཕྲིན། ཉིན་ཤས་བསྟུད་མའི་རིང་ལ། ལྷོ་ཁ་གྲོང་ཁྱེར་གྱི་རྫོང་ཁག་དང་། ཤང་གྲོང་ཁག གྲོང་སྡེ། སློབ་གྲྭ དགོན་སྡེ་བཅས་ཀྱིས་རྒྱལ་དར་སྒྲེང་སྟེ་རྒྱལ་གླུ་ལེན་པ་དང་། བཞུགས་མོལ་ཚོགས་འདུ་འཚོག་པ། བོད་གསར་རྙིང་བསྡུར་བའི་པར་རིས་འགྲེམས་སྟོན་ལ་བལྟ་སྐོར་བྱེད་པ་བཅས་ཀྱི་བྱེད་སྒོ་རྣམ་པ་འདྲ་མིན་ལ་བརྟེན་ནས"སྣང་ཆེན་བཞི་དང་དགའ་ཞེན་བཞིའི"བརྗོད་གཞི་གཙོ་བོ་བྱེད་པའི་སློབ་གསོ་ལག་ལེན་བྱེད་སྒོ་ཏན་ཏིག་སྤེལ་བ་རེད། གོང་གི་པར་རིས་ནི་རྒྱ་ཚ་རྫོང་ཨུ་ལྷན་གྱི་རྒྱུན་ལས་ཨུ་ཡོན་དང་དྲིལ་བསྒྲགས་པུའུ་ཀྲང་ལུའོ་ཅང་ཆུན་གྱིས་གོ་བདེ་ཞིང་ཤེས་སླ་བའི་སྐད་ཆའི་ཐོག་ནས་ས་གནས་དེ་གའི་མང་ཚོགས་ལ"སྣང་ཆེན་བཞི་དང་དགའ་ཞེན་བཞིའི"བརྗོད་གཞི་གཙོ་བོ་བྱེད་པའི་སློབ་གསོ་ལག་ལེན་བྱེད་སྒོའི་ནང་དོན་གཙོ་བོ་འགྲེལ་བཤད་རྒྱག་བཞིན་པ་རེད།
         བོད་རང་སྐྱོང་ལྗོངས་ཀྱི'སྣང་ཆེན་བཞི་དང་དགའ་ཞེན་བཞིའི'བརྗོད་གཞི་གཙོ་བོ་བྱེད་པའི་སློབ་གསོ་ལག་ལེན་བྱེད་སྒོ་སྒྲོག་འགྲེལ་ཚོགས་པའི་ཚོགས་མི་ཟླ་བ་ནོར་བུ་ཡིས་སྣེ་གདོང་ཆུས་ཁེ་གསུམ་གྲོང་ལྷན་དུ་ཐེངས་དང་པོ་སྒྲོག་འགྲེལ་བྱས་བཞིན་པ།
         བོད་རང་སྐྱོང་ལྗོངས་ཀྱི"སྣང་ཆེན་བཞི་དང་དགའ་ཞེན་བཞིའི"བརྗོད་གཞི་གཙོ་བོ་བྱེད་པའི་སློབ་གསོ་ལག་ལེན་བྱེད་སྒོ་སྒྲོག་འགྲེལ་ཚོགས་པའི་ཚོགས་མི་ཟླ་བ་ནོར་བུ་ཡིས་སྣེ་གདོང་ཆུས་ཁེ་གསུམ་གྲོང་ལྷན་དུ་ཐེངས་དང་པོ་སྒྲོག་འགྲེལ་བྱས་བཞིན་པ།
    འདི་ནི་མང་ཚོགས་ཀྱིས་བོད་གསར་རྙིང་བསྡུར་བའི་པར་རིས་འགྲེམས་སྟོན་ལ་ལྟ་བཞིན་པ།
    འདི་ནི་མང་ཚོགས་ཀྱིས་བོད་གསར་རྙིང་བསྡུར་བའི་པར་རིས་འགྲེམས་སྟོན་ལ་ལྟ་བཞིན་པ།
    བྱམས་ཆེན་གཞིས་ཀར་ལྟ་སྐོར་བྱེད་ཅིང་། བྱམས་ཆེན་གཞིས་ཀའི་འདས་པའི་ལོ་རྒྱུས་དང་རང་ཉིད་ཀྱིས་བརྒྱུད་མྱོང་བའི་་དཀའ་སྡུག་ངོ་སྤྲོད་བྱེད་བཞིན་པ།
    བྱམས་ཆེན་གཞིས་ཀར་ལྟ་སྐོར་བྱེད་ཅིང་། བྱམས་ཆེན་གཞིས་ཀའི་འདས་པའི་ལོ་རྒྱུས་དང་རང་ཉིད་ཀྱིས་བརྒྱུད་མྱོང་བའི་་དཀའ་སྡུག་ངོ་སྤྲོད་བྱེད་བཞིན་པ།
    རྭ་སྨད་གྲོང་ཚོའི་ཏང་ཡོན་འཐུས་ཚབ་བསོད་ནམས་ཀྱིས་དམངས་གཙོ་བསྒྱུར་བཅོས་སྔོན་རྗེས་རང་ཉིད་བརྒྱུད་མྱོང་བ་བརྗོད་བཞིན་པ།
    རྭ་སྨད་གྲོང་ཚོའི་ཏང་ཡོན་འཐུས་ཚབ་བསོད་ནམས་ཀྱིས་དམངས་གཙོ་བསྒྱུར་བཅོས་སྔོན་རྗེས་རང་ཉིད་བརྒྱུད་མྱོང་བ་བརྗོད་བཞིན་པ།
    རིག་རྩལ་འཁྲབ་སྟོན་བྱ་ཡུལ་དངོས།
    རིག་རྩལ་འཁྲབ་སྟོན་བྱ་ཡུལ་དངོས།
      

    ཕྱོགས་བསྡུས་གསར་འགྱུར།