འཚོལ་བཤེར།   
藏文频道
2017ལོའི་ཟླ་4ཚེས་24ཉིན།
  • མི་དམངས་དྲ་བ།

    ༄༅།།མཁའ་གྲུ་དང་སུམ་རྩེན་བདེ་བླག་ངང་སྦྲེལ་མཐུད་བྱུང་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 04ཚེས་24ཉིན། 13:23】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་4ཚེས་22ཉིན་གྱི་ཆུ་ཚོད་12དང་སྐར་མ་23ཐོག་མཁའ་གྲུ་ཨང་དང་པོའི་ཟོག་འདྲེན་འཕུར་གྲུ་དང་སུམ་རྩེན་ཨང་གཉིས་པའི་བར་སྣང་ཚོད་ལྟ་ཁང་རང་འགུལ་ཁ་གཏད་སྦྲེལ་མཐུད་བདེ་བླག་ངང་ལེགས་གྲུབ་བྱུང་བ་དེ་ནི་སུམ་རྩེན་ཨང་གཉིས་པ་2016ལོའི་ཟླ་9ཚེས་15ཉིན་འཕེན་གཏོང་བྱས་ནས་འཁོར་ལམ་ཐོག་བསྐྱོད་པ་ནས་བཟུང་། ཟོག་འདྲེན་འཕུར་གྲུ་དང་ཁ་གཏད་སྦྲེལ་མཐུད་བྱེད་ཐེངས་དང་པོ་ཡིན།
         ཚན་རྩལ་མི་སྣའི་ཚོད་འཛིན་ཞིབ་ཚགས་འོག་མཁའ་གྲུ་ཨང་དང་པོའི་ཟོག་འདྲེན་འཕུར་གྲུས་འཁོར་ལམ་ཐེངས་མང་བརྗེས་རྗེས། ཚེས་22ཉིན་གྱི་ཆུ་ཚོད་10སྐར་མ་02ཐོག་རང་འགུལ་ཚོད་འཛིན་ལ་སྒྱུར་ཏེ་རང་འགུལ་སྣེ་འདྲེན་ཚོད་འཛིན་གྱི་བྱེད་སྟངས་ཐོག་ནས་སུམ་རྩེན་ཨང་གཉིས་པའི་བར་སྣང་ཚོད་ལྟ་ཁང་ལ་རིམ་བཞིན་ཉེ་བར་བཅར།
         དེ་རྗེས་མཁའ་གྲུ་ཨང་དང་པོ་དང་སུམ་རྩེན་ཨང་གཉིས་པ་སྡེབ་སྒྲིག་ཕུང་གྲུབ་འཕུར་སྐྱོད་དུས་མཚམས་སུ་སླེབས་ནས་འཆར་གཞི་གཞིར་བཟུང་འཁོར་ལམ་ཐོག་འབུད་རྫས་གསབ་སྣོན་བྱ་རྒྱུ་དང་དེ་བཞིན་བར་སྣང་བཀོལ་སྤྱོད་དང་འཇིག་རྟེན་འཕུར་སྐྱོད་ལག་རྩལ་སོགས་ཁྱབ་ཁོངས་ཀྱི་ཚོད་ལྟ་མང་པོ་བྱ་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།