འཚོལ་བཤེར།   
藏文频道
2017ལོའི་ཟླ་4ཚེས་24ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་ལ་དམངས་ཁྲོད་ཀྱི་ལུས་རྩལ་མཁས་པ་ཞུགས་སུ་བཅུག་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 04ཚེས་24ཉིན། 13:36】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་4ཚེས་21ཉིན། ཉེ་བའི་ལོ་ཤས་རིང་ལུས་རྩལ་སྒྱུར་བཅོས་ཟབ་ཏུ་བཏང་བ་དང་ཆབས་ཅིག་ལུས་རྩལ་གྱི་རིན་ཐང་དང་བྱེད་ནུས་ལ་འཛིན་པའི་ངོས་འཛིན་ཡང་འགྱུར་ལྡོག་འགྲོ་བཞིན་ཡོད་པ་དང་། ལུས་རྩལ་འགྲན་ཚོགས་ཀྱི་ཕྱོགས་བསྡུས་རིན་ཐང་དང་སྣ་མང་བྱེད་ནུས་ལའང་ཟམ་མི་ཆད་པར་སྔོག་འདོན་དང་ངོས་འཛིན་ཐུབ་ཡོད་ཅེས་རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུས་མང་ཚོགས་ལུས་རྩལ་སིའི་སི་ཀྲང་གཞོན་པ་ཆིའུ་རུའུ་ཡིས་བཤད་ལ། ཁོང་གིས་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་ལ་མང་ཚོགས་ཀྱི་འགྲན་བསྡུར་རྣམ་གྲངས་མང་དུ་བཏང་བ་ནི་ལུས་རྩལ་སྒྱུར་བཅོས་དང་གསར་གཏོད་ལ་སྐུལ་མ་གཏོང་བའི་བྱེད་ཐབས་གལ་ཆེན་དང་། “ལུས་རྩལ་ཆེན་མོའི”རྣམ་པ་འཛུགས་སྐྱོང་བྱེད་པའི་ཚོད་ལྟ་གསར་པ། དམངས་ཡོངས་ལུས་སྦྱོང་ནང་ཞུགས་པའི་རྒྱལ་ཁབ་འཐབ་ཇུས་དོན་འཁྱོལ་ལ་སྐུལ་མ་གཏོང་བའི་བྱེད་ཐབས་གལ་ཆེན་བཅས་ཡིན་ཞེས་བརྗོད།
         མང་ཚོགས་ཀྱིས་ལྟ་འདོད་པ་དང་། ཞུགས་ཚད་མང་བ། ཁྱབ་ཁྱོན་ཆེ་བ་བཅས་ཡོང་བ་བྱེད་པའི་གཞི་རྩའི་བླང་བྱ་ལྟར་ད་རེས་ཀྱི་ལུས་རྩལ་འགྲན་ཚོགས་ཀྱིས་བྲག་འཛེག་དང་། འཁོར་ལོའི་འདྲེད་ཤུད། བྱ་སྒྲོའི་སྤོ་ལོ། ཕིང་ཕང་སྤོ་ལོ། མ་ལ་སུང་རྒྱང་རྒྱུག ཐའི་ཅི་ཆོན་སོགས་རྣམ་གྲངས་19དང་། རྣམ་གྲངས་ཆུང་ངུ་126ཉིད་མང་ཚོགས་ཀྱི་འགྲན་བསྡུར་རྣམ་གྲངས་སུ་བྱས་པས། ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་ཀྱི་ལས་ཞོར་བདམས་ཐོན་པས་གསེར་དང་། དངུལ། ཟངས་བཅས་ཀྱི་རྟགས་མ་བརྩོན་ལེན་བྱ་རྒྱུ་རེད།
         མང་ཚོགས་ཀྱི་འགྲན་བསྡུར་གཉེར་བ་དེས་དམངས་ཡོངས་ཞུགས་རྒྱུར་ལྕག་སྐུལ་གང་ཐུབ་ཐེབས་ནས་དམངས་ཁྲོད་ཀྱི་ལུས་རྩལ་པ་མང་པོས་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་ཐོག་རང་རང་གི་ཉམས་འགྱུར་མངོན་པར་བྱ་རྒྱུ་ཡིན་པས། འགྲན་བསྡུར་དྲང་གཞག་དང་འདྲ་མཉམ་ཡོང་ཆེད་མང་ཚོགས་ཀྱི་རྣམ་གྲངས་ནང་ཆེད་ལས་ཀྱི་བདམས་ཐོན་པ་ཞུགས་རྒྱུ་གཏན་འགོག་བྱ་རྒྱུ་རེད། རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུས་ཀྱིས་ཉེ་ཆར་བཀྲམ་པའི་《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ལུས་རྩལ་འགྲན་ཚོགས་སྐབས་བཅུ་གསུམ་པའི་མང་ཚོགས་འགྲན་བསྡུར་རྣམ་གྲངས་ཀྱི་ལུས་རྩལ་པའི་ཐོབ་ཐང་གི་འབྲེལ་ཡོད་གནད་དོན་སྐོར་གྱི་བརྡ་ཐོ་》གཞིར་བཟུང་ཐེམ་ཁུངས་དང་། རུ་ཁག སློབ་ཁུངས་བཅས་ཀྱི་གནས་ཡུལ་ཚད་གཞིར་བཟུང་ནས་མང་ཚོགས་ཀྱི་འགྲན་ཞུགས་ལུས་རྩལ་པར་འགྲན་ཞུགས་ཀྱི་ཐོབ་ཐང་གཏན་འཁེལ་བྱ་རྒྱུ་དང་། རྒྱལ་ཡོངས་ཀྱི་ལུས་རྩལ་རྣམ་གྲངས་རྐྱང་པའི་མཐུན་ཚོགས་སུ་ཐོ་འགོད་བྱས་མྱོང་བའི་ལུས་རྩལ་པ་དག་མང་ཚོགས་ཀྱི་འགྲན་བསྡུར་རྣམ་གྲངས་ཀྱི་འགྲན་བསྡུར་སྣ་ཚོགས་ནང་ཞུགས་ཆོག་གི་མེད།
      

    ཕྱོགས་བསྡུས་གསར་འགྱུར།