འཚོལ་བཤེར།   
藏文频道
2017ལོའི་ཟླ་4ཚེས་17ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ནང་བསྟན་སློབ་གླིང་དུ་བསྐྱོད་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 04ཚེས་17ཉིན། 13:50】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།བོད་ལྗོངས་ནང་བསྟན་སློབ་གླིང་དུ་བསྐྱོད་པ།
         མི་དམངས་དྲ་བའི་འཕྲིན། ཟླ་4ཚེས་16ཉིན། བོད་ལྗོངས་ནང་བསྟན་སློབ་གླིང་ནི་བོད་ལྗོངས་ལྷ་ས་གྲོང་ཁྱེར་ཆུ་ཤུར་རྫོང་མཉེས་ཐང་ཤང་དུ་གནས་ཤིང་། དེ་ནི་བོད་ལྗོངས་ཀྱི་རིམ་པ་མཐོ་བའི་བོད་བརྒྱུད་ནང་བསྟན་ཕྱོགས་བསྡུས་རང་བཞིན་གྱི་སློབ་གླིང་ཨང་དང་པོ་ཡིན་ཞིང་། དེ་རུ་བོད་བརྒྱུད་ནང་བསྟན་གྱི་གྲུབ་མཐའ་ལྔ་པོའི་བླ་མ་སྐྱེས་ཆེན་དང་སློབ་གཉེར་བ་འདུས་ཡོད་ལ། བོད་ལྗོངས་ནང་བསྟན་སློབ་གླིང་གིས་ཀྲུང་གོའི་བོད་རྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་གི་དེང་རབས་སློབ་གླིང་གི་སློབ་གཉེར་བྱེད་སྟངས་དང་སྲོལ་རྒྱུན་ཆོས་གྲྭའི་སློབ་གཉེར་བྱེད་སྟངས་ཟུང་དུ་སྦྲེལ་བའི་སློབ་ཁྲིད་བྱེད་སྟངས་དཔྱད་གཞིར་བཟུང་སྟེ་ཐེངས་དང་པོར་སྔགས་ཕྱོགས་དང་། མདོ་ཕྱོགས། སྤྲུལ་སྐུ་བཅས་རིག་གནས་ཚན་ཁག་གསུམ་བཙུགས་ཡོད་པ་རེད། 
         2011ལོར་བོད་ལྗོངས་ནང་བསྟན་སློབ་གླིང་སླར་གསོ་བསྐྱར་འཛུགས་བྱེད་པའི་སྐབས་སུ། བོད་ལྗོངས་ནང་བསྟན་སློབ་གླིང་དུ“ལོ་ཆུང་སྤྲུལ་སྐུའི་འཛིན་གྲྭ”བཙུགས་ནས་སྐྱེ་བ་གསར་དུ་འཕོ་པའི་དགུང་ལོ་16མན་གྱི་སྤྲུལ་སྐུ་གཅིག་བསྡུས་སུ་གསོ་སྐྱོང་བྱ་རྒྱུའི་གཏན་འབེབས་བྱས་ཡོད་ཅིང་། མིག་སྔར་བསྡོམས་པས་ལོ་ཆུང་སྤྲུལ་སྐུ་6ཡོད་པ་དང་། ཁོང་ཚོས་ནང་བསྟན་རིག་པ་སློབ་སྦྱོང་བྱང་ཆུབ་པར་བྱ་དགོས་པ་དང་དུས་མཚུངས་སུ་རྒྱལ་དམངས་འོས་འགན་སློབ་གསོ་ཡང་ཕྱོགས་ཡོངས་ནས་དང་ལེན་བྱ་དགོས་པ་རེད།
         བོད་རྒྱུད་ནང་བསྟན་སློབ་གླིང་གི་སློབ་མ་རྣམས་ནི་བོད་ལྗོངས་ས་ཆ་ཡོངས་ཀྱི་དགོན་སྡེ་ཁག་ནས་ཡོང་བ་ཡིན་པ་དང་། ཁོང་ཚོས་ནང་བསྟན་ཆོས་ལུགས་ཀྱི་སློབ་ཚན་སློབ་སྦྱོང་བྱ་དགོས་པ་མ་ཟད། ད་དུང་ཁྲིམས་ལུགས་དང་རིག་གནས་སློབ་ཚན་ཡང་སློབ་སྦྱོང་བྱ་དགོས་པ་རེད།
         སློབ་གླིང་ཡོངས་ནི་བོད་ལུགས་བཟོ་བཀོད་ཀྱི་ཁྱད་ཆོས་གཙོ་བོར་བཟུང་ནས་བསྐྲུན་ཡོད་ཅིང་། ཁོ་ར་ཁོར་ཡུག་མཛེས་ཤིང་རྣམ་པར་དག་པ་དང་། སློབ་གླིང་གི་དབུས་སུ་དཀྱིལ་འཁོར་གྱི་རྣམ་པའི་འདུ་ཁང་བཞེངས་ཡོད་པ་རེད།
    【1】  【2】  【3】  【4】  【5】
    ༄༅།།བོད་ལྗོངས་ནང་བསྟན་སློབ་གླིང་དུ་བསྐྱོད་པ།
      

    ཕྱོགས་བསྡུས་གསར་འགྱུར།