འཚོལ་བཤེར།   
藏文频道
2017ལོའི་ཟླ་4ཚེས་24ཉིན།
  • མི་དམངས་དྲ་བ།

    ༄༅།།2017ལོའི་རྒྱལ་ཡོངས་ཀྱི་དམག་བསྡུའི་དྲིལ་བསྒྲཌ་སློབ་གསོ་མཐོ་སློབ་ཏུ་སྤེལ་འགོ་ཚུགས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 04ཚེས་24ཉིན། 13:34】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་4ཚེས་22ཉིན་གྱི་སྔ་དྲོ་དམག་ཨུད་རྒྱལ་སྲུང་སྐུལ་སློང་པུའུ་དང་རྒྱལ་ཁབ་སློབ་གསོ་པུའུ་ཡིས་གཙོ་གཉེར་བྱས་པ་དང་། ཧོ་པེ་ཞིང་ཆེན་མི་དམངས་སྲིད་གཞུང་དམག་བསྡུའི་གཞུང་ལས་ཁང་དང་ཧོ་པེ་ཞིང་ཆེན་སློབ་གསོ་ཐིང་གིས་གཉེར་འགན་འཁུར་བའི་2017ལོའི་རྒྱལ་ཡོངས་དམག་བསྡུའི་དྲིལ་བསྒྲགས་སློབ་གསོ་མཐོ་སློབ་ཏུ་སྤེལ་འགོ་ཚུགས་པའི་མཛད་སྒོ་ཧོ་པེ་དགེ་འོས་སློབ་ཆེན་དུ་འཚོགས་ཤིང་། དེ་ཐོག་ནས་རྒྱལ་ཡོངས་ཀྱི་དམག་བསྡུའི་དྲིལ་བསྒྲགས་སློབ་གསོའི་ལས་དོན་དངོས་སུ་སྤེལ་འགོ་ཚུགས་པ་མཚོན་ཡོད། ཧྲེ་ཅ་ཀྲོང་གྲོང་ཁྱེར་དུ་ཡོད་པའི་མཐོ་སློབ་50ཙམ་གྱི་དགེ་སློབ་ཀྱི་འཐུས་མི་2000ལྷག་ཙམ་གྱིས་འགོ་ཚུགས་མཛད་སྒོར་ཞུགས་པ་རེད།
         འགོ་ཚུགས་མཛད་སྒོར་དམག་ཨུད་རྒྱལ་སྲུང་སྐུལ་སློང་པུའུ་དང་རྒྱལ་ཁབ་སློབ་གསོ་པུའུ་སོགས་འབྲེལ་ཡོད་འགོ་ཁྲིད་ཀྱིས་དགེ་སློབ་ལ་དམག་དཔུང་སྟོབས་ཆེར་གཏོང་བའི་ཕུགས་འདུན་མངོན་འགྱུར་དང་འཛམ་གླིང་གི་དམག་དཔུང་རྩེ་གྲ་གཏོད་པར་བྱང་ཚད་མཐོ་བའི་ཤེས་ལྡན་མི་སྣ་མཁོ་བ་མ་ཟད། སློབ་ཆེན་སློབ་མས་དམག་སྐུལ་དང་ལེན་ཞུས་ཚེ་འབྲེལ་ཡོད་གཟིགས་སྐྱོང་སྲིད་ཇུས་གང་དག་ཡོད་མེད་སོགས་སྒྲོག་འགྲེལ་བྱས་པ་རེད། དམག་དཔུང་དང་ས་གནས་ཀྱི་འགོ་ཁྲིད་དང་སློབ་གླིང་གི་དགེ་སློབ་ཀྱི་འཐུས་མིས་ཕུལ་བྱུང་སློབ་ཆེན་སློབ་མ་དམག་མིའི་འཐུས་མིའི་སྔོན་ཐོན་བྱས་རྗེས་སྙན་སེང་ཞུས་པ་ཉན་པ་རེད། ཕུལ་བྱུང་སློབ་ཆེན་སློབ་མའི་དམག་མིའི་འཐུས་མི་དང་གྲོང་ཁྱེར་དང་རྫོང་རིམ་གཉིས་ཀྱི་དམག་བསྡུའི་ལས་དོན་མི་སྣས་འབྲེལ་ཡོད་སྲིད་ཇུས་ཁྲིམས་སྲོལ་དང་དམག་ཞུགས་གོ་རིམ་སོགས་སློབ་ཆེན་སློབ་མས་ཡོངས་ཁྱབ་ངང་དོ་ཁུར་བྱེད་པའི་གནད་དོན་འགྲེལ་བཤད་བརྒྱབ་པ་རེད།
         མཐོ་སློབ་དེ་བས་མང་བའི་སློབ་མས་དཔུང་སྡེར་ཤེས་རྟོགས་དང་དམག་མིར་བསྐྱོད་པའི་ཕུགས་འདུན་མངོན་འགྱུར་བྱ་ཆེད། ཉེ་དུས་རྒྱལ་ཡོངས་ས་གནས་ཁག་གི་དམག་ཞབས་ལས་ཁུངས་ཀྱིས་མཐོ་སློབ་2000དུ་གདོང་ཐུག་ངོ་འཕྲད་ཀྱི་དམག་བསྡུའི་སྲིད་ཇུས་སྒྲོག་འགྲེལ་བྱས་ནས་མཐོ་སློབ་ཚང་མ་དང་སློབ་ཆེན་སློབ་མ་ཚང་མར་ཁྱབ་པ་བྱ་རྒྱུ་རེད། གོམ་སྟབས་རྗེས་མར་འབྲེལ་ཡོད་སྡེ་ཚན་གྱིས་ད་དུང་དྲ་ཐོག་ཏུ་དམག་བསྡུའི་དྲིལ་བསྒྲགས་དང་། དམག་བསྡུའི་དྲིལ་བསྒྲགས་བྱེད་པའི་སྤྱི་ཕན་བརྡ་ཁྱབ་རབ་དང་རིམ་པ་ཁྱབ་བསྒྲགས། དམག་སྒར་སྒོ་དབྱེའི་ཉིན་མོའི་བྱེད་སྒོ་སྤེལ་བ། རྒྱལ་གཅེས་དམག་གཅེས་ཀྱི་སྔོན་ཐོན་དཔེ་མཚོན་དྲིལ་བསྒྲགས་སོགས་ནང་དོན་ཕུན་སུམ་ཚོགས་ལ་བྱེད་ཐབས་སྣ་མང་གི་དམག་བསྡུའི་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་རབ་དང་རིམ་པ་སྤེལ་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།