འཚོལ་བཤེར།   
藏文频道
2017ལོའི་ཟླ་4ཚེས་24ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་རྒྱལ་ཡོངས་ཀྱི་བུད་མེད་ཡ་རབས་ལས་
    གནས་དང་རྒྱལ་ཡོངས་ཀྱི་བུད་མེད་བྱས་པ་ཅན་གྱི་དཔེ་དམག རྒྱལ་ཡོངས་ཀྱི་བུད་
    མེད་སྔོན་ཐོན་མཉམ་སྡེབ་བཅས་ལ་གཟེངས་བསྟོད་བྱས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 04ཚེས་24ཉིན། 13:26】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
          མི་དམངས་དྲ་བའི་འཕྲིན། ཟླ་4ཚེས་22ཉིན་རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་པེ་ཅིང་དུ་རྒྱལ་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་བུད་མེད་ལས་གནས་ཐོག་གི་བྱས་པ་ཅན་གྱི་སྔོན་ཐོན་མཉམ་སྡེབ་དང་མི་སྒེར་ལ་གཟེངས་བསྟོད་ཀྱི་ཚོགས་ཆེན་འཚོགས་ཤིང་། རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཧྲེན་གཡོད་གཡོད་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།
         ཧྲེན་གཡོད་གཡོད་ཀྱིས་རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚབ་ཞུས་ཏེ་གཟེངས་བསྟོད་ཐོབ་པའི་སྔོན་ཐོན་མཉམ་སྡེབ་དང་མི་སྒེར་ལ་སྤྲོ་སེམས་འཁོལ་པོས་བཀྲ་ཤིས་བདེ་ལེགས་ཞུས་ཤིང་། ཁོང་གིས་རྒྱ་ཆེའི་བུད་མེད་ཚོར་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་དེ་བས་མཐུན་སྒྲིལ་དམ་ཟབ་བྱས་ནས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་སྒྲུབ་མཁན་སྟོབས་ཤུགས་གལ་ཆེན་ཞིག་ཏུ་འགྱུར་བ་བྱེད་དགོས་པ་དང་། ལས་གནས་ལ་གཞི་ཚུགས་ཏེ་སྔོན་གཏོད་ལེགས་བརྩོན་གྱིས“བུད་མེད་རྣམས་ཀྱིས་བྱ་གཞག་གསར་པ་གཏོད། ལོ་ལྔ་ཚན་བཅུ་གསུམ་པར་བྱས་རྗེས་འཇོག”ཅེས་པའི་བྱ་སྤྱོད་དཔེ་བཟང་བ་ཞིག་བྱེད་དགོས་པ། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་ལག་ལེན་ཧུར་ཐག་བསྟར་ནས་སྤྱི་ཚོགས་རིང་ལུགས་ཀྱི་ཤེས་དཔལ་སྲོལ་བཟང་དར་སྤེལ་གཏོང་མཁན་དུས་རབས་ཀྱི་མིག་དཔེ་ཞིག་བྱེད་དགོས་པ། རིམ་ཁག་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས“འདུ་ཤེས་བཞི”བརྟན་པོར་བཙུགས་ནས་ཁྱོན་ཡོངས་ལ་ཞབས་འདེགས་དང་བུད་མེད་ལ་ཞབས་འདེགས་ཞུ་དགོས་པ་བཅས་ཀྱི་བླང་བྱ་བཏོན་གནང་བ་རེད།
         ཚོགས་འདུའི་ཐོག་རྒྱལ་ཡོངས་ཀྱི་བུད་མེད་ཡ་རབས་ལས་གནས་1980དང་། རྒྱལ་ཡོངས་ཀྱི་བུད་མེད་བྱས་པ་ཅན་གྱི་དཔེ་དམག998 རྒྱལ་ཡོངས་ཀྱི་བུད་མེད་སྔོན་ཐོན་མཉམ་སྡེབ་500བཅས་ལ་གཟེངས་བསྟོད་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།